ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་མང་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒེར་གྱིས་ཁང་པ་ལས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་མཉམ་འབྲེལ་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

སྤེལ་དུས 2022-08-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ8པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། ནན་ཏན་གྱིས་སྒེར་གྱིས་ཁང་པ་ལས་པའི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཆེད། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་བཅས་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་ཆུའུ(རྫོང)6ཏུ་སོང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒེར་གྱིས་ཁང་པ་ལས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ལྟ་ཞིབ་བྱས། 
  ལྟ་ཞིབ་བྱེད་སྐབས། ལས་དོན་ཚན་ཆུང་གིས་སྔ་རྗེས་སུ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུ་ལ་ཉན་ཞིང་། རིམ་པ་གཉིས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ཁོངས་མིའི་སྡེ་ཁག་གི་ཆེད་དམིགས་བཅོས་སྐྱོང་བྱ་བའི་ཡིག་ཚགས་ལ་ལྟ་ཞིབ་བྱས་ནས། མཚོ་ཤར་གྲོང་ཁྱེར་གྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་སྒེར་གྱིས་ཁང་པ་ལས་པའི་གཉེར་སྐྱོང་རང་བཞིན་གྱི་ཐོག་ཁང19དང་། གྲོང་ཚོའི་སྡོད་དམངས་སྒེར་གྱིས་ལས་པའི་ཐོག་ཁང7ལ་ཡུལ་དངོས་སུ་འཐེན་བཤེར་བྱས། མགྲོན་ཁང་དང་ཚོང་ཁང་། སློབ་གྲྭ། གླ་གཏོང་ཁང་པ་བཅས་གཙོ་གནད་དུ་བཟུང་ནས། ལས་སྣོན་བཟོ་སྐྲུན་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་སྒེར་གྱིས་ལས་པའི་སྡེ་བའི་ནང་གི་གླ་གཏོང་ཁང་པ་བདེ་འཇགས་ཡིན་མིན་དང་། སྡོད་ཁང་འཛུགས་སྐྲུན་གྲུབ་ཆ་ལུགས་མཐུན་ཡིན་མིན། བདེ་འཇགས་ཁ་ཐོར་ཚད་གཞིར་ལོན་མིན། སྒྲིག་བཀོད་བཀོད་སྒྲིག་ཚད་གཞིར་ལོན་མིན། དེ་བཞིན་སྒྲིག་འགལ་ངང་མེ་བཀོལ་སྤྱོད་དང་སོལ་རླངས་བཀོད་སྤྱོད་བྱེད་པའི་བྱ་སྤྱོད་ཡོད་མེད་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས།
  ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཁག་གཅིག་ལ་གཉེར་སྐྱོང་བྱེད་མཚམས་བཞག་ཏུ་བཅུག་པར་བཀའ་བཏང་བའི་ཚོང་ལས་གཉེར་སྐྱོང་གླ་གཏོང་བྱེད་པའི་སྒེར་གྱིས་ཁང་པ་ལས་པར་སྔར་བཞིན་སྒྲིག་འགལ་གྱི་གནས་ཚུལ་ཡོད་པ་དང་། གྲོང་ཁྱེར་གྱི་དཀྱིལ་གྱི་གྲོང་ཚོ་དང་། གྲོང་ཁྱེར་གྱི་མཐར་ཆགས་པའི་གྲོང་ཚོ་ཁག་གཅིག་གིས་སྒྲིག་འགལ་ངང་འཛུགས་སྐྲུན་བྱས་ཡོད་པས། ཁང་པའི་གྲུབ་ཆ་རྙོག་འཛིང་དང་རྨང་རྡོའི་ཐེག་ནུས་ཚད་གཞི་དང་མི་མཐུན་པ། འཛུགས་སྐྲུན་ཨར་ལས་ཚད་ལྡན་མིན་པ། ཁང་པའི་བདེ་འཇགས་གསལ་འབྱེད་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལས་དོན་ཚན་ཆུང་གིས་ཡུལ་དངོས་སུ་མངོན་མེད་རྐྱེན་གྱི་གནད་དོན་བསྟན་པ་མ་ཟད། ཞིབ་ཕྲའི་བཅོས་སྒྲིག་བྱ་ཐབས་ཀྱང་བཏོན་ཡོད་པ་རེད། །