ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལས་རོགས་ཀྱི་ཉལ་ཁང་དུ་འཛུལ་ནས་རྐུ་རྒྱག་མཁན་ཞིག་བཟུང་འདུག

སྤེལ་དུས 2023-09-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

              ཉེ་དུས། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཉང་བྲན་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་དུས་ཐུང་ཆུ་ཚོད་གཉིས་ནང་ཁང་པའི་ནང་འཛུལ་ནས་རྐུ་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་དེ། རྐུ་རྒྱག་ཉེས་གསོག་དོགས་ཅན་1བཟུང་བ་དང་བརྐུས་པའི་དངུལ་སྨར་སྒོར་7000ལྷག་ཙམ་ཚུར་བླངས་པ་རེད།

གྱོད་གཞིའི་གནས་ཚུལ།

              ཟླ་9ཚེས་12ཉིན། ཉང་བྲན་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པར་གསོལ་མགྲོན་ཁང་ཞིག་གི་ལས་མི་ཡུས་ཆེ་གེ་མོས། ཉལ་ཁང་གི་གྱོན་གོས་བླུགས་སྒམ་ནང་བཞག་པའི་ཁུག་མའི་ནང་ནས་དངུལ་སྒོར་7000བརླགས་འདུག་ཅེས་སྙན་སེང་ཞུས། གྱོད་དོན་སྙན་སེང་འབྱོར་རྗེས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་ཕྱིན་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད།

 

             ཡུས་ཆེ་གེ་མོས་གྱོད་གཞི་ཐོན་པའི་ཉིན་མོར་རང་ཉིད་ཏག་ཏག་ལས་རེས་འཁེལ་བས། ཕྱིར་དོན་སྐབས་ཉལ་ཁང་གི་སྒེའུ་ཁུང་ཡག་པོ་རྒྱག་ཁོམ་མ་བྱུང་། ཉིན་གཉིས་པར་གཞི་ནས་རང་ཉིད་ཀྱི་ཁུག་མའི་ནང་གི་དངུལ་སྨར་ཚང་མ་བརླགས་པ་ཤེས་བྱུང་ཞེས་ཕྱིར་དྲན་བྱེད་བཞིན་བཤད།

            གནས་ཚུལ་ཤེས་རྟོགས་བྱས་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གནས་ཚུལ་ཐོན་ཡུལ་དུ་རྩད་ཞིབ་དང་གྲལ་བཤེར་བྱས་པ་དང་། གྱོད་གཞི་ཐོན་ཡུལ་ཉེ་འཁོར་གྱི་ལྡིར་སོ་སྤྲོས་ཆས་ལ་བལྟས་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཡུས་ཆེ་གེ་མོ་དང་མཉམ་དུ་གསོལ་མགྲོན་ཁང་དེར་ལས་ཀ་བྱེད་མཁན་ལུང་ཆེ་གེ་མོར་དོགས་གཞི་ཆེན་པོ་ཡོད་པ་དང་། ཉེན་རྟོག་པས་ཞིབ་བསྡུར་ཐེངས་མང་བྱས་པ་བརྒྱུད། ལས་མིའི་ཉལ་ཁང་ནང་ནས་རྐུ་རྒྱག་གི་དོགས་གཞི་ཡོད་མཁན་ལུང་ཆེ་གེ་མོ་བཟུང་བ་མ་ཟད། བརྐུས་པའི་དངུལ་སྨར་སྒོར་7000ལྷག་ཙམ་ཚུར་བླངས་པ་རེད།

            དཔང་རྟགས་མང་པོའི་མདུན་དུ། ལུང་ཆེ་གེ་མོས་རང་ཉིད་ཀྱིས་སྒེའུ་ཁུང་ནས་ཡུས་ཆེ་གེ་མོའི་ཉལ་ཁང་ནང་འཛུལ་བ་མ་ཟད། ད་དུང་ཡུས་ཆེ་གེ་མོས་གྱོན་གོས་བླུགས་སྒམ་ནང་བཞག་པའི་ཁུག་མའི་ནས་ནས་དངུལ་སྨར་སྒོར་7000ལྷག་ཙམ་བརྐུས་པའི་ཉེས་གསོག་གི་དོན་དངོས་ངོས་ལེན་ཞུས་པ་རེད།

              མིག་སྔར། ཉེས་གསོག་དོགས་ཅན་ལུང་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་མ་ཟད། གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

 རྩོམ་སྒྲིག་པ།  མང་ག་མཚོ།