ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མི་འདིར་ཆད་པ་འདི་འདྲ་ཞིག་གཅོད་འོས།

སྤེལ་དུས 2023-11-23 ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

མི་འདིར་ཆད་པ་འདི་འདྲ་ཞིག་གཅོད་འོས།

       སྤྱི་ཟླ་11པའི་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཝང་ཆེ་གེ་མོས་བྱིས་པར་ཆགས་རྩེད་ཀྱི་ཉེས་པ་བསགས་པའི་རྐྱེན་གྱིས། ཉིན་ཤས་གོང་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཞིན་ཁྲེང་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་ཏེ་ལོ་གཉིས་ཀྱི་དུས་བཙོན་ཉེས་ཆད་བཅད་པ་དང་། ཚེ་གང་ལོ་ན་མ་སོན་པའི་བྱིས་པར་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཀ་བྱེད་མི་ཆོག་པའི་ཁྲིམས་ཆད་བཅད། འདི་ནི་ཞིན་ཁྲེང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དགེ་རྒན་རྣམས་ལ་དམིགས་ཏེ་ཆགས་སྤྱོད་ཉེས་ཆད་ལག་བསྟར་བྱེད་པའི་བཙོན་འཇུག་གི་ཁྲིམས་ཆད་དང་ཚེ་གང་དགེ་རྒན་གྱི་ལས་ཀ་བྱེད་མི་ཆོག་པའི་ཉེས་ཆད་ཚད་འབེབས་ཀྱི་གྲོས་གཞི་བཏོན་ཐེངས་ཐོག་མ་དེ་ཡིན་པ་རེད། 

       ཤེས་རྟོགས་བྱུང་བར་གཞིགས་ན། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་ནི་བདེ་སྲུང་ཀུང་སི་ག་གེ་མོའི་གནས་སྐབས་ཀྱི་ལས་མི་ཞིག་ཡིན་པ་དང་། སྤྱི་ལོ2023ལོའི་ཟླ་6ཚེས་26ཉིན་གྱི་ཆུ་ཚོད་14ཡས་མས་སུ། གནོད་འཚེ་ཕོག་མཁན་སློབ་གྲྭར་ཡོང་སྔ་བ་དང་། དགེ་རྒན་དང་ལས་བཟོ་པ་གཞན་དག་མེད་པའི་སྐབས་དང་བསྟུན་ནས། སློབ་གྲྭའི་སྒོ་འགྲམ་གྱི་ལས་རེས་ཀྱི་གོ་སྐབས་སྤྱད་དེ་གནོད་འཚེ་ཕོག་མཁན་བདེ་སྲུང་ཁང་གི་ནང་དྲུད་དེ་ཉེས་གསོག་བྱེད་སྤྱོད་སྤེལ། ཝང་ཆེ་གེ་མོའི་བྱ་སྤྱོད་ཀྱིས་གནོད་འཚེ་ཕོག་མཁན་གྱི་མི་གཤིས་ལ་རྒྱ་དང་སེམས་ཁམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ཤིང་། ལས་རིགས་ཀུན་སྤྱོད་དང་རྒྱབ་འགལ་ཚབས་ཆེན་བྱས་པ། སློབ་གྲྭའི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། 

        ཉེ་བའི་ལོ་ཤས་རིང་། ལོ་ན་མ་སོན་པའི་བྱིས་པར་ཆགས་རྩེད་བཙན་གནོད་བྱེད་པའི་གྱོད་གཞི་མང་པོ་བྱུང་བཞིན་ཡོད་པར་དམིགས་པ་དང་། དེའི་ཁྲོད་ཀྱི་ཉེས་གསོག་པ་མང་པོ་ཞིག་གི་ལས་ཀ་ནི་ལོ་ན་མ་སོན་པའི་བྱིས་པ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁོ་ཚོས་ལོ་ན་མ་སོན་པའི་བྱིས་པའི་ལུས་སེམས་བདེ་ཐང་དང་བདེ་འཇགས་འགན་སྲུང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་ལ།《ལོ་ན་མ་སོན་པའི་བྱིས་པའི་སྲུང་སྐྱོང་བཅའ་ཁྲིམས་》ནང་ལོ་ན་མ་སོན་པའི་བྱིས་པར་འབྲེལ་བ་དམ་ཟབ་ཡོད་པའི་སྡེ་ཚན་གྱིས་ཆགས་རྩེད་བཙན་གནོད་དང་། མནར་གཅོད། བསླུ་འཚོང་། དྲག་ཤུགས་ཀྱིས་གནོད་འཚེ་བཏང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་ཡོད་པའི་མི་སྣ་བསྡུ་ལེན་བྱེད་མི་ཆོག་པར་གཏན་འབེབས་བྱས་ཡོད། 

       ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སློབ་གསོ་པུའུ་བཅས་ཀྱིས་མཉམ་འབྲེལ་ངང་ཁྱབ་བསྒྲགས་བྱས་པའི་《ལས་ཞུགས་བཀག་སྡོམ་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ནང་། དགེ་རྒན་ལས་བཟོ་པས་ཆགས་རྩེད་བཙན་གནོད་སོགས་ཀྱི་བྱས་ཉེས་བསགས་རིགས་ལ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར། གནོད་པ་གཏོང་མཁན་གྱིས་ལོ་ན་མ་སོན་པའི་བྱིས་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཀ་ཚེ་གང་བསྒྲུབ་མི་ཆོག་ཅེས་གཏན་འབེབས་གསལ་པོ་བྱས་ཡོད། 

       དེ་བས། ཞིན་ཁྲེང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་འདིའི་ཞུ་གཏུག་ཕྱི་མ་བར་རྡུང་རྡེག་ཚ་ནན་བཏང་སྟེ། བཙོན་བཅུག་ཁྲིམས་ཆད་བཅད་པ་དང་ཚེ་གང་ནར་མ་སོན་པའི་བྱིས་པ་དང་འབྲེལ་བའི་རིགས་ཀྱི་ལས་ཀ་བྱེད་མི་ཆོག་པའི་ཉེས་ཆད་གཅོད་པའི་བསམ་འཆར་བཏོན་ཡོད། ཉེས་ཆད་དེའི་ཐོག་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་ནར་མ་སོན་པའི་བྱིས་པར་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པ་དང་། ནར་མ་སོན་པའི་བྱིས་པར་གནོད་འཚེ་གཏོང་མཁན་ལ་“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་མཚོན་ཡོད་ལ། སློབ་གསོའི་ལས་རིགས་ཀྱི་ལས་ཞུགས་མི་སྣ་ཡོངས་ལ་ལས་རིགས་ཀུན་སྤྱོད་བརྩི་སྲུང་ནན་པོ་བྱེད་དགོས་པར་ཉེན་བརྡ་བཏང་བ་ཞིག་ཀྱང་ཡིན། 

       ལས་ཞུགས་མཁན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བས། “མི་དེ་རིགས་ལ་མི་ཆོས་ཀུན་སྤྱོད་རྩ་བ་ནས་མེད་པས་”ཆད་པ་ནན་པོ་གཅོད་དགོས་སོ།  

རྩོམ་སྒྲིག་པ། མང་ག་མཚོ།