ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཞེད་སྣང་ལ། མྱུར་བགྲོད་གཞུང་ལམ་དུའང་རྒྱབ་ཤིག་བརྒྱབ་ནས་མོ་ཊ་བཏང་།

སྤེལ་དུས 2023-12-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱར་སྦྱོར་ལྟེ་གནས། རྩོམ་པ་པོ།

         ཟླ་12ཚེས་17ཉིན་གྱི་ཆུ་ཚོད་17ཙམ་ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་སྐོར་གཡེང་བྱེད་སྐབས། འཇིབ་ཆུང་ཞིག་གིས་ཉེན་ཟོན་གློག་བརྡ་སྤོར་གྱིན་རྒྱབ་ཤིག་བརྒྱབ་ནས་མྱུར་བགྲོད་གཞུང་ལམ་གྱི་གཅུས་ལམ་དུ་འཛུལ་རྩིས་བྱས་ཏེ། རླངས་འཁོར་གཞན་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད་པ་མཐོང་། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་དུང་བརྡ་བཏང་ནས་ཁ་བཀག་པ་མ་ཟད། ཉེན་ཁ་མེད་སར་རླངས་འཁོར་གཏོང་དུ་བཅུག་པ་རེད།

        འདྲི་རྩད་བྱས་པ་བརྒྱུད། རླངས་འཁོར་གྱི་ཁ་ལོ་བ་ཚེ་ཆེ་གེ་མོས་ཐོན་སྒོ་ཡོལ་སོང་བས་རྒྱབ་ཤིག་བརྒྱབ་ནས་ཐོན་སྒོ་ནས་དོན་དགོས་བསམ་བྱུང་ཞེས་བཤད་པར་མི་དམངས་ཉེན་རྟོག་པས་སྐྱོན་བརྗོད་ནན་པོ་དང་སློབ་གསོ་བཏང་ནས་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་རྒྱབ་ཤིག་བརྒྱབ་ཚེ་མཇུག་འབྲས་ངན་པ་བཟོ་སྲིད་པའི་སྐོར་བརྗོད་པ་དང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཁ་ལོ་བ་ཚེ་ཆེ་གེ་མོར་དངུལ་ཆད་སྒོར་200བཅད་པ་དང་འབྲེལ་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་12གཅོག་པའི་ཆད་པ་བཅད་པ་རེད།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ།
●《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་གྱ་གཉིས་པའི་ནང་གསེས་དང་པོར་འཕྲུལ་སྒུལ་འཁོར་རིགས་མྱུར་བགྲོད་གཞུང་ལམ་དུ་གཏོང་སྐབས་རྒྱབ་ཤིག་རྒྱག་པ་དང་། ལྡོག་ནས་སྐྱོད་པ། ལམ་དཀྱིལ་གྱི་དབྱེ་མཚམས་བརྒལ་ནས་ཁ་བསྐོར་བའམ་ཡང་ན་འཁོར་ལམ་དུ་རླངས་འཁོར་ཁ་བཀག་མི་ཆོག་པའི་གཏན་འབེབས་བྱས་ཡོད།
●《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་གཞུང་ལམ་ཤར་གཏོང་སྐོར་གྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ཉི་ཤུ་ཡན་ནས་ཉིས་བརྒྱ་མན་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
●《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྐར་མ་གཅོག་པའི་དོ་དམ་བྱ་ཐབས》ཀྱི་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་མྱུར་ལམ་དུ་རླངས་འཁོར་རྒྱབ་ཤིག་རྒྱག་པ་དང་། ལྡོག་ནས་སྐྱོད་པ། ལམ་དཀྱིལ་གྱི་དབྱེ་མཚམས་བརྒལ་ནས་ཁ་བསྐོར་བ་བཅས་བྱས་ཚེ་ཐེངས་གཅིག་ལ་སྐར་མ་12གཅོག་རྒྱུའི་གཏན་འབེབས་བྱས་ཡོད།

 

རྩོམ་སྒྲིག་པ། མང་ག་མཚོ།