ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མོ་ཊའི་སྒོ་ཡག་པོ་མ་བརྒྱབ་ན་རྐུབ་བཀྱག་ཀྱང་བརླག་པ་འདུག ཧ་ཧ།

སྤེལ་དུས 2024-01-03 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།

           ཉེ་ཆར། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་པས་རླངས་འཁོར་གྱི་སྒོ་ཕྱེ་ནས་རྒྱུ་དངོས་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་གཅིག་བཟུང་བ་རེད། 

          ཟླ་11ཚེས་5ཉིན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་པར་ངའི་རླངས་འཁོར་ནང་གི་དངུལ་སྨར་སྒོར་35000བརླགས་འདུག་ཅེས་པའི་གྱོད་དོན་སྙན་སེང་འབྱོར། 

          གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གློག་མིག་ལ་བལྟས་པ་བརྒྱུད། སྐྱེས་པ་ཞིག་གིས་ཆུ་ཚོད་18ཙམ་ལ་རླངས་འཁོར་རེ་རེ་བཞིན་གྱི་སྒོ་འཐེན་ནས་སྒོ་བརྒྱབ་ཡོད་མེད་ལྟ་ཡི་ཡོད་པ་དང་། རླངས་འཁོར་གྱི་སྒོ་བརྒྱབ་མེད་ཚེ་དེའི་ནང་གི་རྒྱུ་དངོས་བརྐུ་ཡི་ཡོད་པ་ཤེས་རྟོགས་བྱུང་བ་རེད། 

          དེ་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྲལ་བཤེར་དང་དབྱེ་ཞིབ་བྱས་པ་དང་ཁུངས་སྣེ་མང་པོར་ཞིབ་བསྡུར་བྱས་མཐར། ཉེས་གསོག་དོགས་ཅན་ཀུན་ཆེ་གེ་མོའི་བགྲོད་ཤུལ་རྩད་ཆོད་ནས། ཟླ་11ཚེས་14ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ལམ་ཉེ་འཁོར་ནས་ཁོ་པ་བཟུང་བ་རེད། 

          འདྲི་རྩད་བྱས་པ་བརྒྱུད། ཀུན་ཆེ་གེ་མོས་རླངས་འཁོར་གྱི་སྒོ་ཕྱེ་ནས་རྐུན་མ་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། ཁོ་པས། ང་ལ་གཏན་འཇགས་ཀྱི་ཡོང་འབབ་མེད་པ་མ་ཟད། དཀའ་ལས་རྒྱག་འདོད་ཀྱང་མི་འདུག བྱས་ཙང་རླུང་རྟ་འདྲ་རྒྱུག་ན་བསམ་སྟེ་རླངས་འཁོར་ནང་གི་ཅ་དངོས་རྐུ་ཐབས་བྱེད་ཀྱི་ཡོད་ཅེས་བཤད།  

          མིག་སྔར། ཉེས་གསོག་དོགས་ཅན་ཀུན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། མང་ག་མཚོ།