ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ད་རེས་ཁོ་པ་ཉེན་རྟོག་པའི་ལག་ནས་ཐར་མི་འདུག

སྤེལ་དུས 2024-01-03 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།

         ཉེ་ཆར། ལྷ་སའི་སྤྱི་བདེ་ཉེན་རྟོག་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་རྐུན་མ་རྐུ་མཁན་གྱི་ཉེས་གསོག་དོགས་ཅན་ཞིག་བཟུང་ཐུབ་པས། གློག་སྒུལ་སྦག་སྦག་བརྐུས་པའི་གྱོད་གཞི་4རྩད་ཆོད་པ་དང་རྐུ་ཤོར་བའི་གློག་སྒུལ་སྦག་སྦག་1ཚུར་བླངས་ཐུབ་ཡོད། 

         གྱོད་གཞིའི་བྱུང་རིམ། 

         ཟླ་12ཚེས་3ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་ལ་110བཀོད་འདོམས་ལྟེ་གནས་ཀྱི་བཀའ་བཀོད་འབྱོར་ནས། ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་གློག་སྒུལ་སྦག་སྦག་བརྐུས་པའི་གྱོད་གཞི་ཞིག་ཐོན་འདུག་པས་ཉེན་རྟོག་པ་གཏོང་དགོས་ཞེས་བརྗོད།
    

         བཀའ་བཀོད་འབྱོར་རྗེས། ཐང་ཆེན་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་གིས་འཕྲལ་མར་འབྲེལ་ཡོད་བརྟག་དཔྱད་དང་དཔང་རྟགས་ལེན་འགོ་བཙུགས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོ་ཡིན་པ་གཏན་འཁེལ་ཐུབ་པ་མ་ཟད། ཉེ་དུས་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་གྱི་འགྲུལ་ཁང་ཞིག་ནས་ཁོ་པ་བཟུང་བ་རེད། ཙེང་ཆེ་གེ་མོས་གློག་སྒུལ་སྦག་སྦག་བརྐུས་པའི་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
  
       དེ་མིན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱེད་སྐབས། ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོ་ནི་རྐུན་མ་ལང་ཤོར་ཞིག་ཡིན་པ་རྩད་ཆོད་ཅིང་། དེར་བརྟེན་མུ་མཐུད་རྒྱུ་མ་ཕུ་འདེད་བཏང་བ་བརྒྱུད། ཙེང་ཆེ་གེ་མོས་ད་དུང་ན་ནིང་ཟླ་7ཚེས་28ཉིན་ནས་ད་ལོའི་ཟླ་10པ་བར། ལྷ་ས་གྲོང་ཁེར་ཧྥུའུ་ཁང་སྨན་ཁང་གི་ཉེ་འགྲམ་དང་ཀུན་བདེ་གླིང་མཁའ་ཁྲོམ་གྱི་ཉེ་འགྲམ་སོགས་ནས་སྔ་རྗེས་སུ་གློག་སྒུལ་སྦག་སྦག་3བརྐུས་པའི་ནག་ཉེས་ངོས་ལེན་ཞུས་པ་རེད། 

ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོས་རྐུན་མ་རྐུ་ཡུལ་སྟོན་བཞིན་པ། 
      མིག་སྔར། ཉེན་རྟོག་པས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། མྱུལ་ཞིབ་མི་སྣས་རྐུ་ཤོར་བའི་གློག་སྒུལ་སྦག་སྦག་1འདེད་ལེན་བྱས་པ་རེད། དེ་བྱིངས་ཀྱི་བརྐུས་དངོས་ཚུར་ལེན་པ་དང་གྱོང་གུན་ཉུང་དུ་གཏོང་བའི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད།  

ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོས་རྐུན་མ་རྐུ་ཡུལ་སྟོན་བཞིན་པ། 

རྩོམ་སྒྲིག་པ། མང་ག་མཚོ།