ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཡང་མི་གཉིས་ལ་སྒོར་ཁྲི་47མགོ་སྐོར་ཐེབས་འདུག

སྤེལ་དུས 2024-01-05 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱིས་བཏང་། རྩོམ་པ་པོ།

            ཉེ་དུས། དམག་མིར་བརྫུས་ནས་ལས་གྲྭ་འགན་གཙང་སྤྲོད་ཁུལ་གྱིས་ཁ་བསླུས་བརྒྱབ་པ་དང་དྲ་ཐོག་ཏུ་བྲིན་རྫུ་བཟོས་ནས་ཁེ་བཟང་སྤྲོད་ཁུལ་གྱིས་ཁ་བསླུས་བརྒྱབ་པ་ལས། མང་ཚོགས་2ལ་ཁྱོན་སྒོར་ཁྲི་47ལྷག་ཙམ་ཁ་བསླུས་ཐེབས་འདུག་པས། ཚང་མས་ཡིན་གཅིག་དོགས་ཟོན་བྱེད་དགོས་ཀྱི་འདུག  

            དམག་མིར་བརྫུས་ཏེ་ལས་གྲྭ་འགན་གཙང་སྤྲོད་ཁུལ་གྱིས་ཁ་བསླུས་བརྒྱབ་པ། 

           གྱོད་དཔེ། ཟླ་12ཚེས་21ཉིན་གྲོང་མི་ཝང་ལགས(མིང་ཚབ)ལ་རང་གྲོང་ཁྱེར་གྱི་དཔུང་སྡེ་ཞིག་གི་ལས་དོན་པ་ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་ནས། ཁོང་ལ་ལས་གྲྭའི་རྣམ་གྲངས་ཤིག་ངོ་སྤྲོད་བྱེད་ལུགས་བཤད་པ་དང་འབྲེལ། ལས་གྲྭ་དེར་འོད་ཤུགས་གློག་འདོན་འཕྲུལ་ཆས་ཁག་གཅིག་ཉོ་དགོས་པར་ཁ་གཡར་ཏེ་གྲོང་མི་ཝང་ལགས་ཀྱི་ས་ནས་སྒོར་316000ཁ་བསླུས་བརྒྱབ་པ་དང་། མིག་སྔར་གྱོད་གཞི་དེ་མྱུལ་ཞིབ་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།


           དྲ་ཐོག་ཏུ་བྲིན་རྫུ་བཟོས་ནས་ཁེ་ཕན་སྤྲོད་ཁུལ་གྱིས་ཁ་བསླུས་བརྒྱབ་པ། 


           འགོག་ཟོན་བྱེད་ཐབས།
1.དཔུང་སྡེས་ཚོང་ལས་ཀྱི་ངོ་འཕྲད་གྲོས་མོལ་ལམ་ཡང་ན་ཅ་དངོས་ཉོ་སྐབས་ཡིག་ཐོག་ནས་གོ་རིམ་ལྟར་འགྲོ་བ་ལས་ཁ་པར་དང་སྐད་འཕྲིན་སོགས་ནས་སྒེར་གཉེར་ཚོང་པ་དང་མཉམ་ལས་བྱེད་མི་སྲིད།
2.གལ་ཏེསྔོན་ལ་འགྱུར་རྟེན་སྤྲོད་དགོས་པ་དང་དེ་རྗེས་ལས་ཀ་བྱེད་པའི་ཁས་ལེན་མཁནཡོད་ཚེ། ཕ་རོལ་པོའི་ཐོབ་ཐང་ལ་ཞིབ་དཔྱད་ཡག་པོ་བྱས་ནས་མགོ་སྐོར་མི་ཐེབས་པ་བྱེད་དགོས།
           གྱོད་དཔེ། ཟླ་12ཚེས་13ཉིན་གྲོང་མི་ཀྲང་ལགས(མིང་ཚབ)ཁྱིམ་དུ་ཁ་པར་བལྟས་ནས་སྡོད་སྐབས། བྲིན་རྫུབཟོས་ན་ཡོང་འབབ་གསོག་ཐུབ་པའི་བརྡ་ཆ་ཅིག་ཐོན་པ་དང་། ཁོང་གིས་ཚོད་ལྟ་ཞིག་བྱས་ཀྱང་སྐྱོན་མི་ཡོང་སྙམ་ནས་མི་འདི་རང་ཉིད་ཀྱི་སྐད་འཕྲིན་གྲོགས་ཚོགས་སུ་བཅུག དེ་རྗེས་མི་འདིས་དངུལ་བླུགས་རྗེས་དམིགས་བཀར་གྱི་ལས་འགན་བསྒྲུབས་ཚེ། ཁེ་བཟང་རག་སྲིད་པར་ཁ་གཡར་ནས་སྐུ་ཞབས་ཀྲང་ལགས་ཀྱི་དངུལ་སྒོར་154057ཁ་བསླུས་བརྒྱབ་པ་དང་། མིག་སྔར། གྱོད་གཞི་དེ་མྱུལ་ཞིབ་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།

          འགོག་ཟོན་བྱེད་ཐབས། བྲིན་རྫུཞེས་པ་དེ་ནི་ཁ་བསླུས་རྒྱག་སྟངས་ཤིག་རེད། བྲིན་རྫུ་བཟོས་ནས་ཁེ་བཟང་མཐོ་པོ་སྤྲོད་རིགས་ཚང་མ་མགོ་སྐོར་གཏོང་མཁན་ཡིན་པས། དྲ་རྒྱའི་བྲིན་རྫུའི་ནང་ཞུགས་མི་རུང་། དེས་མ་ཚད་དྲ་ཐོག་ནས་ཅ་དངོས་ཉོ་སྐབས་མི་སྒེར་གྱི་ཆ་འཕྲིན་གང་བྱུང་མི་གྱར་བ་བྱེད་དགོས།
རྩོམ་སྒྲིག་པ། མང་ག་མཚོ།