ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཉེན་བརྡ་སེར་པོ་བཏང་འདུག་པས། བདེ་འཇགས་ལ་ཡིད་གཟབ་བྱོས།

སྤེལ་དུས 2024-01-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        བོད་ལྗོངས་ནག་ཆུ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ཟླ་1ཚེས་17ཉིན་གྱི་ཆུ་ཚོད་13དང་སྐར་མ་00ལ་གཞུང་ལམ་དུ་འཁྱགས་པ་ཐེབས་པའི་ཉེན་བརྡ་སེར་པོ་བཏང་འདུག 

         གངས་བབས་པའི་རྐྱེན་གྱིས་རྒྱལ་ལམ་G349ལྷ་རི་རྫོང་གི་དུམ་བུ་དང་། G558འབྲི་རུ་རྫོང་གི་དུམ་བུ། G317སྦྲ་ཆེན་རྫོང་ནས་གསེར་རྙེད་ཆུས་བར་གྱི་དུམ་བུ། G109གསེར་རྙེད་ཆུས་ནས་འདམ་གཞུང་རྫོང་བར་གྱི་དུམ་བུ། G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུའི་དུམ་བུ་དང་དབུས་ཤར་རྒྱུད་ཀྱི་རྫོང་ཁག་གི་གཞུང་ལམ་རྒྱུད་དུ་གངས་གསོག་དང་འཁྱགས་པ་ཐེབས་ཡོད་པས་འགྲིམ་འགྲུལ་བདེ་འཇགས་ལ་དོགས་ཟོན་བྱེད་དགོས།
འགོག་སྲུང་བྱེད་སྟངས། 
   
 1. འགྲིམ་འགྲུལ་དང་། སྤྱི་བདེ། གྲོང་ཁྱེར་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞུང་ལམ་གྱི་གངས་འཁྱགས་གཤོང་བ་དང་འགྲིམ་འགྲུལ་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།  
   
 2. འགྲོ་ལམ་རྒྱུད་དུ་གངས་རླུང་ལྡང་ནས་ལམ་ངོས་གསལ་པོ་མཐོང་གི་མེད་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་ཚོས་རླངས་འཁོར་དལ་བུར་གཏོང་བ་དང་རླངས་འཁོར་དབར་བར་ཐག་ངེས་ཅན་བཞག་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས། 
    
 3. གངས་བབས་པས་འདྲེད་བརྡར་ཤོར་སླ་བས་ཕྱིར་སྐྱོད་སྐབས་ཡིད་གཟབ་བྱེད་དགོས།
རྩོམ་སྒྲིག་པ། མང་ག་མཚོ།