ཁྲིམས་སྐྱོང་སློབ་གསོ་གཞི་རིམ་འགྲིམ།། རབས་གསར་ཨུ་གཉིས་ཁྲིམས་ལུགས་སློབ།།
སྤེལ་དུས 2021-02-07
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
སྡེ་བ་དང་སྡོད་ཁུལ་ཨུ་ཡོན་གཉིས་ཀྱི་རབས་བརྗེའི་འདེམས་བརྐོའི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་ཆེད་དང་། ཁོ་ཚོའི་ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་སོགས་མཐོར་འདེགས་གཏོང་ཆེད། ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་སྡེ་བ་དང་སྡོད་ཁུལ་གྱི་རབས་གསར་བའི་ཨུ་ཡོན་གཉིས་ཀྱི་སྲིད་གཙང་སློབ་གསོ་དང་ཁྲིམས་ལུགས་སློབ་གསོའི་བྱེད་སྒོ་ཆེན་མོ་སྤེལ་ཞིང་། ཏང་སྲིད་ཀྱི་མགོ་ཁྲིད་དང་སྡེ་བ་དང་སྡོད་ཁུལ་རིམ་པའི་རབས་གསར་བའི་ལས་བྱེད། ལས་འཁྱུར་བྱས་པའི་ལས་བྱེད་པ་སོགས་མི220ལྷག་ཚོགས་འདུ་ལ་ཞུགས།
ཚོགས་འདུའི་སྟེང་དུ་ཁྲིམས་འཛིན་ལས་བྱེད་པས་སྡེ་བ་དང་སྡོད་ཁུལ་གྱི་རབས་གསར་བའི་ཨུ་ཡོན་གཉིས་ལ་རང་གི་ཉེ་འགྲམ་ནས་བྱུང་བའི་གྱོད་དཔེ་དང་ཁྲིམས་འགལ་ལུགས་འགལ་གྱི་གཏམ་རྒྱུད་ངོ་མ་ལས་འཕྲོས་ཏེ། ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་ལས་བ་དང་སྡོད་ཁུལ་གྱི་ལས་བྱེད་པར་མཁོ་ངེས་པའི་ཁྲིམས་ལུགས་ཀྱི་ཤེས་བྱ་ཁ་གསལ་གོ་བདེའི་ལམ་ནས་སློབ་ཁྲིད་བྱས་པ་དང་། ཁྲིམས་ལུགས་སློབ་པ་བརྒྱུད་ནས་ཁོ་ཚོར་སྡེ་བ་ཁྲིམས་ཀྱིས་སྐྱོང་བའི་ཐོག་མའི་ངེས་ཤེས་ཐོབ།
ཚོགས་འདུའི་མཉམ་པར།
གཞན་ཚོགས་ཐོག་ཏུ་གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོ་དག་གིས་སྡེ་བ་དང་སྡོད་ཁུལ་གྱི་རབས་གསར་བའི་ཨུ་ཡོན་གཉིས་ལ་སྲིད་གཙང་གི་སློབ་གསོ་དང་ལས་འགན་འཁུར་རྗེས་གཞུང་དོན་ཇི་ལྟར་སྒྲུབ་པ་དང་། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་བདག་པོ་ཇི་ལྟར་རྒྱག་པ། བྱ་བའི་ནུས་པ་ཇི་ལྟར་མཐོར་འདེགས་གཏོང་བ། དམངས་ཀྱི་ཆེད་དུ་ཇི་ལྟར་འབད་བརྩོན་བྱེད་པ། རང་རང་གི་ལས་སྒྲུབ་ནུས་པ་གང་ལྟར་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་དུ་སློབ་གསོ་གང་མང་བཏང་བར་མ་ཟད། གཟི་བརྗིད་ངང་ལས་འཁྱུར་བྱས་པའི་སྡེ་བ་དང་སྡོད་ཁུལ་གྱི་ལས་བྱེད་དང་འགོ་ཁྲིད་དག་ལ་ལེགས་སྐྱེས་གནང་ཞིང་།ཁོ་ཚོར་ཏང་གཤིས་བཟང་བོ་སྲུང་འཛིན་གྱིས་རབས་གསར་བའི་ཨུ་གཉིས་ཀྱི་ཁོངས་མི་དག་གི་བྱ་བ་ལ་གཞོགས་འདེགས་དང་སློབ་སྟོན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚོགས་ཐོག་ཏུ་ཁྲིམས་འཛིན་ལས་བྱེད་པའི་ད་དུང་ལོ་སར་ཚེས་ལ་ཉེ་བའི་སྐབས་སུ་ཆང་འཐུང་ནས་རླངས་འཁོར་མི་བསྐོར་བ་དང་། ཤོག་སྦག་རྒྱག་པ་དང་རི་བསང་གཏོང་བ་སོགས་ཀྱི་སྐབས་སུ་མེ་སྐྱོན་ལ་གཟབ་པ། ཟས་རིགས་ཀྱི་བདེ་འཇགས་དང་ཏོག་གསར་རིམས་འགོག་གི་བྱ་བར་ཤུགས་བསྣན་ནས། མི་ངམ་པོ་མི་ཚོགས་རྒྱུ་དང་། ཁྱིམ་ལ་རླུང་རྒྱུ་བར་བྱེད་པ། ཁ་ཐུམ་རྒྱག་པ་སོགས་ཀྱི་སློབ་གསོ་བཏང་།
ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་གསར་བ་དག་གིས་ཁྲིམས་ཀྱི་འདུ་ལས་དང་ལས་སྒྲུབ་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སྲིད་གཙང་གི་སློབ་གསོ་སོགས་ལ་ཐོག་མར་རྒྱུས་ཐོན་དང་སློབ་སྦྱོང་བྱས་པར་བསྟེན་གང་ལ་གང་འཚམས་ཀྱི་ཡར་བསྐྱེད་བྱུང་ཡོད་འདུག