ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

༄༅། །གཞན་གྱི་རྒྱུ་ནོར་འཕྲོག་ན་ཆད་པ་ཅི་འདྲ་འཕོག་སྲིད།

སྤེལ་དུས 2023-10-09 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།

         དྲག་ཤུགས་བྱེད་ཐབས་སྤྱད་ནས་མི་གཞན་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་ན་ཆད་པ་ཅི་འདྲ་འཕོག་སྲིད།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན263པར། དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞུང་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་རིགས་ལ་དུས་བཙོན་ལོ3ཡན་ནས་ལོ10མན་གྱི་ཉེས་ཆད་གཅོད་པར་མ་ཟད། ད་དུང་དངུལ་ཆད་ཀྱང་

         གཅོད་རྒྱུ། གཤམ་གསལ་གྱི་གནས་ཚུལ་རིགས་ཡོད་ཚེ་དུས་བཙོན་ལོ10ཡན་ནམ་ཚེ་བཙོན་དང་། ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པར་མ་ཟད། ད་དུང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅོད་རྒྱུ།

         1. ཁྱིམ་དུ་འཛུལ་ཏེ་འཕྲོག་བཅོམ་བྱས་པ།

         2. སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྟེང་འཕྲོག་བཅོམ་བྱས་པ།

         3. དངུལ་ཁང་དང་དངུལ་རྩའི་ལས་ཁུངས་གཞན་དག་ཏུ་འཕྲོག་བཅོམ་བྱས་པ།

         4. འཕྲོག་བཅོམ་ཐེངས་མང་བྱས་པའམ་འཕྲོག་བཅོམ་གྱི་སྒོར་གྲངས་ཧ་ཅང་མང་བ།

         5. འཕྲོག་བཅོམ་བྱས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་སྐྱོན་བཟོས་པ།

         6. དམག་མི་དང་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱས་པ།

         7. མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པ།

         8. དམག་སྤྱོད་དངོས་རྫས་སམ་ཡང་ན་ཉེན་ཁ་མྱུར་སེལ་དང་། རྒུད་སྐྱོབ། མྱུར་སྐྱོབ་ཀྱི་དངོས་རྫས་འཕྲོག་བཅོམ་བྱས་པ།

རྩོམ་སྒྲིག་པ། མང་ག་མཚོ།