ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཟ་ཁང་གི་ཟ་མའི་ནང་དངོས་པོ་གཞན་ཡོད་ན་ཇི་ལྟར་བྱ།

སྤེལ་དུས 2023-10-12 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།

             ཟ་ཁང་གི་ཟ་མའི་ནང་དངོས་པོ་གཞན་ཡོད་ན་རང་གི་ཁེ་དབང་ཇི་ལྟར་བསྲུང་།

             01འབྲེལ་ཡོད་ཀྱི་སྲིད་འཛིན་སྡེ་ཁག་ལ་ཞུ་གཏུག་བྱས་ཆོག ཐད་ཀར་ཟ་ཁང་ལ་དངུལ་ཕྱིར་སློག་དང་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཆོག ཟ་ཁང་ཕྱོགས་ནས་འཛད་སྤྱོད་པས་ཉོས་པའི་ཚོང་ཟོག་གི་ལྡབ་གསུམ་མམ་ཡང་ན་གྱོང་གུད་ཀྱི་ལྡབ་གཉིས་ཁ་གསབ་ཏུ་བརྩིས་ནས་འཛད་སྤྱོད་པར་སྤྲད་དགོས།

             1. དཔང་རྟགས་ཉར་ཚགས་བྱ་རྒྱུར་དོ་སྣང་བྱ་དགོས།

             (1) འཛད་སྤྱོད་པས་དངོས་པོ་ཉོས་པའི་སྤ་སེ་ཉར་ཚགས་བྱ་དགོས། བརྙན་ལམ་མམ་འདྲ་པར་ལ་བརྟེན་ནས་གནད་དོན་ཡོད་པའི་ཟས་རིགས་དཔང་རྟགས་སུ་ལེན་པ་དང་དུས་ཐོག་ཏུ་ཟས་རིགས་འཚོང་གཉེར་མཁན་དང་འབྲེལ་གཏུག་བྱ་དགོས།

             (2) ཐེར་འདོན། འཚོང་གཉེར་བྱེད་མཁན་གྱིས་གཞོགས་འདེགས་མ་བྱས་ན་དུས་ཐོག་ཏུ་ཐེར་འདོན་བྱ་དགོས། (སྤུས་ཚད་ལྟ་སྐུལ་སྡེ་ཁག་དང་བཟོ་འཚོང་བདེ་ཁག ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སོགས་རྒྱལ་ཁབ་ལས་ཁུངས་ལ་ཐེར་འདོན་བྱས་ཆོག)

             (3) གལ་སྲིད་སྤུས་ཚད་ལ་སྐྱོན་ཡོད་པའི་ཚོང་ཟོག་གིས་མི་ལུས་ལ་གནོད་འཚེ་བཟོས་ཚེ། འཛད་སྤྱོད་པས་དངོས་པོ་ཉོས་པའི་འཛིན་ཡིག་དང་གནད་དོན་ཡོད་པའི་བཟའ་བཅའ་ཉར་ཚགས་ཡག་པོ་བྱ་དགོས་པ་ཕུད། ད་དུང་སྨན་པར་བསྟེན་པའི་སྒོ་བསྟེན་ནད་ཐོའི་རིགས་དང་སྨན་ཁང་དུ་བསྡད་པའི་སྨན་རིན་གྱི་འཛིན་ཤོག འགྲིམ་འགྲུལ་གྲོན་དངུལ་གྱི་འཛིན་ཤོག་སོགས་དོན་དངོས་ཀྱི་འགྲོ་སོང་བཏང་བའི་འཛིན་ཡིག་སོགས་ཉར་ཚགས་ཡག་པོ་བྱས་ནས་སླད་ཕྱིན་ཁེ་དབང་སྲུང་སྐྱོང་བྱེད་པར་འགན་ལེན་བྱ་དགོས།

             2. དངོས་པོ་ཉོས་རྗེས་དེའི་འཛིན་ཤོག་ལེན་རྒྱུ་བརྗེད་མི་རུང་།

          གལ་ཏེ་ཁྱེད་རང་དངོས་པོ་ཉོ་རུ་འགྲོ་བ་འམ་ཟ་མ་ཟ་སྐབས་ཕྱིར་འཚོང་བྱེད་མཁན་གྱི་ས་ནས་འཛིན་ཤོག་ལེན་རྒྱུ་བརྗེད་མི་རུང། 《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར་ན། “ཚོང་གཉེར་བྱེད་མཁན་གྱིས་ཚོང་ཟོག་གམ་ཞབས་ཕྱི་མཁོ་འདོན་བྱེད་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལམ་ཚོང་ལས་ཀྱི་རྒྱུན་སྲོལ་ལྟར་འཛད་སྤྱོད་པར་ཚོང་ཟོག་ཉོས་པའི་འཛིན་ཡིག་གམ་ཞབས་ཕྱིའི་འཛིན་ཡིག་སྤྲད་དགོས། འཛད་སྤྱོད་པས་ཚོང་ཟོག་ཉོས་པའི་འཛིན་ཡིག་གམ་ཞབས་ཕྱིའི་འཛིན་ཡིག་འདོན་སྤྲོད་བྱ་དགོས་པའི་རེ་བ་བཏོན་ཚེ་ཚོང་གཉེར་མཁན་གྱིས་ངེས་པར་སྤྲད་དགོས”ཞེས་བཀོད་ཡོད།གཞན་ཡང་རང་རྒྱལ་གྱི་འབྲེལ་ཡོད་ཁྲལ་བསྡུའི་ཁྲིམས་སྲོལ་ནང་དུའང་གཏན་འཁེལ་ཁ་གསལ་བཟོས་ཡོད་པ་སྟེ། ཐེངས་གཅིག་ལ་སྒོར10ཡན་འཛད་སྤྱོད་བྱས་ཚེ། འཛད་སྤྱོད་པས་ཚོང་ཟོག་ཉོས་པའི་འཛིན་ཡིག་སྤྲད་རྒྱུའི་རེ་བ་བཏོན་ཡོད་མེད་ལ་མི་བལྟ་བར་ཁྲལ་འཇལ་མཁན་གྱིས་ངེས་པར་འཛིན་ཤོག་བྲི་དགོས་པ་དང་། ཐེངས་གཅིག་ལ་སྒོར10མན་གྱི་འཛད་སྤྱོད་བྱས་ན་ཁྲལ་འཇལ་མཁན་གྱིས་འཛིན་ཤོག་མ་བཏོན་ན་ཡང་ཆོག གལ་ཏེ་འཛད་སྤྱོད་པས་འཛིན་ཤོག་བྲི་དགོས་པའི་རེ་བ་བཏོན་ཚེ་ངེས་པར་བྲི་དགོས། འཛིན་ཤོག་སྤྲོད་ལེན་བྱེད་སྐབས་ཚོང་ཟོག་མིང་དང་དངུལ་གྲངས་བསྒྱུར་དགོས་པའི་རེ་བ་བཏོན་མི་ཆོག

རྩོམ་སྒྲིག་པ། མང་ག་མཚོ།