ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ལས་བྱེད་པ་དེར་སྐྱོན་མེད་སྐྱོན་འཛུཊ་བྱས་པར་དྲང་པོས་གཞུང་བསྲངས་ནས…

སྤེལ་དུས 2023-11-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

             ཉེ་ཆར། རྫ་ཡུལ་རྫོང་དུ་ཐེར་འདོན་བྱས་པའི་ལས་བྱེད་པ་ཞིག་ལ་དག་སེལ་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།
             དེ་གོང་རྫ་ཡུལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་མིང་ངོ་མ་བཀོད་པའི་ཐེར་འདོན་འབྱོར་ནས། ཀྲའོ་ཆེ་གེ་མོར་འཚོ་བའི་སྤྱོད་ཚུལ་དང་འབུལ་རྟེན་ལེན་པའི་འབྲེལ་ཡོད་གནད་དོན་ཡོད་ཚུལ་གོང་ཞུ་བྱས་ཡོད་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བསྡུར་ནན་ཏན་བྱས་པ་བརྒྱུད། ཀྲའོ་ཆེ་གེ་མོ་དང་འབྲེལ་ཡོད་གནད་དོན་གྱི་དོ་བདག་གིས་མཁོ་འདོན་བྱས་པའི་དཔང་རྟགས་ཁུངས་བཙན་པོ་ཡོད་པས། ཐེར་འདོན་གོང་ཞུ་བྱས་པའི་འབྲེལ་ཡོད་གནད་དོན་ཚང་མ་བདེན་པ་མིན་པ་ཤེས་རྟོགས་ཐུབ་ཡོད། དེར་བརྟེན་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་དོན་དངོས་དང་མི་མཐུན་པའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གོང་ཞུ་དེ་གོ་རིམ་བཞིན་ཐག་གཅོད་བྱས་པ་རེད། མིང་ངོ་མ་བཀོད་པའི་ཐེར་འདོན་གོང་ཞུ་དེས་ཀྲའོ་ཆེ་གེ་མོའི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ངེས་ཅན་བཟོས་པར་གཞིགས་ནས། རྫ་ཡུལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འཕྲལ་དུ་དག་སེལ་གྱི་ལམ་སྲོལ་ལག་ལེན་བསྟར་ནས། ཚོགས་འདུ་འཚོགས་ཏེ་དོན་དངོས་དང་མི་མཐུན་པའི་ཐེར་འདོན་གོང་ཞུ་བྱ་ཡུལ་ཀྲའོ་ཆེ་གེ་མོར་དག་སེལ་བྱས་པ་རེད།
           “རུལ་སུངས་བ་སུ་ཞིག་ཡིན་ཡང་རྒྱ་ཡན་དུ་གཏོང་རྒྱུ་མེད་ལ། ཏང་ཡོན་དང་ལས་བྱེད་པ་སུ་ཞིག་ལའང་མ་ཉེས་ཁག་གཡོགས་གཏན་ནས་བྱེད་མི་རུང་། གོམ་སྟབས་རྗེས་མར། ང་ཚོས་དག་སེལ་དང་ཡིག་འབུལ་ཞུ་བཅར་བྱེད་སྟངས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་དང་། ནོར་འཛོལ་རུང་ལ་འགན་འཁྲི་འཁུར་མི་དགོས་པ་སོགས་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ལ་སྲུང་སྐྱོབ་དང་སྐུལ་ལྕག་གང་ལེགས་བྱས་ཏེ། འགན་འཁྲི་འཁུར་ཕོད་མཁན་དང་ལས་དོན་དངོས་སྒྲུབ་མཁན་ལ་སྲ་ཞིང་བརྟན་པའི་རྒྱབ་བརྟེན་ཡོད་པར་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་རྒྱུ་ཡིན”ཞེས་རྫ་ཡུལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་བཤད།

རྩོམ་སྒྲིག་པ། མང་ག་མཚོ།