ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་བཀལ་བ།

སྤེལ་དུས 2023-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

               ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།
              བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞི་ནི《བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞིའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་གཞིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ལྗོངས་བབས་ཞིབ་འཇུག་ལྟེ་གནས་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ། བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཞིབ་འཇུག་སུའོ། བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང་བཅས་ཚན་པ་5ཞིབ་འཇུག་རྟེན་གཞིར་གཏན་འཁེལ་བྱས་པ་རེད། རྟེན་གཞི་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཤེས་ལྡན་མི་སྣའི་ལེགས་ཆ་འདོན་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་གནད་དོན་གལ་ཆེན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རིག་གཞུང་གི་གྲུབ་འབྲས་གལ་ཆེན་ཟམ་མི་ཆད་པར་བཏོན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།
             མཛད་སྒོ་མཇུག་འགྲིལ་རྗེས་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་ཚོགས་ཞུགས་མི་སྣས་འབྲེལ་ཡོད་དཔྱད་རྩོམ་ལ་བགྲོ་གླེང་བྱས་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།