ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

སྤེལ་དུས 2023-12-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

སྨན་བཅོས་མཛེས་བཟོར་ཆེད་དོན་ཞིབ་བཤེར་བྱས་པ།

                ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་བཅོས་མཛེས་བཟོར་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ནས་ཞིབ་བཤེར་བྱས་པ་རེད།
              “ཁ་སྦུག་སྨན་བཅོས་ཁང་ག་གེ་མོ”ཞིག་གི་བཀོལ་སྤྱོད་ཁང་གི་འཁྱག་སྒམ་དུ་སྤུས་ཚད་འགན་ལེན་དུས་ཆད་ཡོལ་བའི་ཚྭ་སྐྱུར་མཁལ་མའི་གཤེར་རྨེན་སྨན་ཁབ་དང་ཚྭ་སྐྱུར་ཅ་ཕའེ་ཁ་དབྱིན/མཁལ་མའི་གཤེར་རྨེན་སྨན་ཁབ་49ཡོད་པ་དེའི་རིན་ཐང་སྒོར་490ཡིན་པ་ཤེས། ཁྲིམས་སྒྱུར་བས་ས་ཆ་དེ་རང་དུ་དུས་ཆད་ཡོལ་བའི་སྨན་རྫས་བཙན་ཤེད་ཀྱིས་བཙན་ཉར་བྱས་པ་རེད། 
               ཞིབ་བཤེར་བྱས་པ་བརྒྱུད། སྨན་བཅོས་ཁང་དེས་ཚྭ་སྐྱུར་མཁལ་མའི་གཤེར་རྨེན་སྨན་ཁབ་ཀྱི་མཁོ་འདོན་ཚོང་པའི་འོས་ཐོབ་དང་འཛིན་ཡིག་མཁོ་འདོན་ཐུབ་ཀྱི་མེད་ལ། ཐོན་རྫས་རེ་རེའི་རིན་གོང་དང་། ཐོན་རྫས་བླངས་པའི་ཁ་གྲངས། རིན་གོང་བཅས་ལ་ཞིབ་དཔྱད་བྱེད་ཐབས་མེད། དེའི་བྱེད་སྤྱོད་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་གོ་བརྒྱད་པའི་ནང་གསེས་དོན་ཚན་ལྔ་པའི་གཏན་འབེབས་དང་འགལ་ནས་དུས་ཆད་ཡོལ་བའི་སྨན་རྫས་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་གྲུབ་ཡོད། ཁྲིམས་སྒྱུར་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པའི་གཏན་འབེབས་ལྟར། དོ་བདག་པར་དུས་ཆད་ཡོལ་པའི་སྨན་རྫས་གཞུང་བཞེས་དང་དངུལ་ཆད་སྒོར་ཁྲི་10བཅད་པ་རེད།
              གྱོད་གཞི་དེར་ཞིབ་བཤེར་ཐག་གཅོད་བྱས་པ་ལས་སྨན་རྫས་ཁྱབ་ཁོངས་ཀྱི་ཚད་ལྡན་དོ་དམ་ལ་འཇིགས་སྐུལ་གྱི་ནུས་པ་ཐོན་ཡོད་པ་དང་། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་རྫས་ལ་ལྟ་འདོམས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྨན་རྫས་བདེ་འཇགས་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་གི་ཡོད་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།