ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་བརྡ་ཁྱབ།

སྤེལ་དུས 2024-01-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           ཟླ་1ཚེས་25ཉིན་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚུགས་སུ་གནས་ཚུལ་སྤེལ་གསལ། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2023ལོའི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། 2023ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་ཁྲི་62.6ཐོ་འགོད་བྱས་པ་དང་། མི་ཁྲི་61ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་49ཚུད་ཡོད་པ་རེད།


            རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གོ་གནས་མི་འདྲ་བའི་ལས་བྱེད་པར་ཆད་པ་བཅད་པའི་བསྡུར་གྲངས་རི་མོ། 

           བརྡ་ཁྱབ་ལས་མངོན་པར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་གྲངས་ཁྲི་345.2དང་ལེན་བྱས་པའི་ནང་ཉེས་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་གྲངས་ཁྲི་105.7ཡོད་པ་དང་། གནད་དོན་གྱི་ཁུངས་སྣེ་ཁྲི་173.3ཐག་གཅོད་བྱས་པའི་ནང་གླེང་མོལ་དང་འཕྲིན་འདྲི་ཁྲི་36.3བྱས་ཡོད། གྱོད་དོན་ཐོ་འགོད་ཁྲི་62.6བྱས་པའི་ནང་པུའུ་རིམ་པ་གཞོན་པའི་ལས་བྱེད་པ་87དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3456 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.7 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.9བཅས་ལ་གྱོད་དོན་ཐོ་འགོད་བྱས་པ་དང་། འགན་འཁུར་མུས་སམ་ཡང་ན་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མི་གྲངས་ཁྲི་6.1ལ་གྱོད་དོན་ཐོ་འགོད་བྱས་ཡོད། མི་ཁྲི་61ལ་ཆད་པ་བཅད་པའི་ནང་མི་ཁྲི་49.8ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་16.2ལ་སྲིད་དོན་གྱི་ཆད་པ་བཅད་ཡོད། གཞན་ཡང་། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་49དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3144 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.4 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.2 ལས་བྱེད་པ་དཀྱུས་མ་ཁྲི་8.5 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་གཞན་དག་ཁྲི་41.7བཅས་ལ་ཆད་པ་བཅད་ཡོད། 

           རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞི”སྤྱད་ནས་ཆད་པ་བཅད་པའི་བསྡུར་གྲངས་རི་མོ། 

          བརྡ་ཁྱབ་ལ་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞིའི”ཐོག་ནས་མི་ཐེངས་ཁྲི་171.8ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཤིང་། དེའི་ནང་ཐབས་རྣམ་དང་པོ་སྤྱད་དེ་མི་ཐེངས་ཁྲི་109.6ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་63.8%བཟུང་བ་དང་། ཐབས་རྣམ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་49.2ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་28.6%བཟུང་བ། ཐབས་རྣམ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་6.4ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་3.7%བཟུང་བ། ཐབས་རྣམ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་6.6ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་3.9%བཟུང་ཡོད། དེ་དང་ཆབས་ཅིག་ལྐོག་རྔན་སྤྲོད་མཁན་དང་ལེན་མཁན་ལ་མཉམ་དུ་ཞིབ་བཤེར་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལྐོག་རྔན་སྤྲོད་མཁན་ཁྲི་1.7ལ་གྱོད་དོན་ཐོ་འགོད་བྱས་པ་དང་ཞིབ་དཔྱོད་ལས་ཁུངས་ལ་མི་3389རྩིས་སྤྲད་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།