ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

སྒོར་ཁྲི་ཆག་གཅིག་མགོ་སྐོར་ཐེབས་གྲབས་བྱས་པ་འདིའི་ཆེད་དུ་རེད་འདུག

སྤེལ་དུས 2024-02-04 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་1ཚེས་25ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་གྲོང་ནུབ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དམར་ཧྲེང་ཕུད་ནས་ཁ་བརྡ་བྱེད་པར་བརྟེན་ནས་མགོ་སྐོར་གཏོང་བའི་གྱོད་གཞི་ཞིག་མ་ཐོན་པ་བྱས་པས། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་1.2ཐེབས་མེད་པ་རེད། 
གནས་ཚུལ་ཞིབ་ཕྲ།

        ཟླ་1ཚེས་25ཉིན་གྱི་ཆུ་ཚོད་00དང་སྐར་མ་20ལ། སྐྱེས་པ་ཞིག་བྲེལ་འཚུབ་ཆེན་པོས་གྲོང་ནུབ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་སྟེ། མི་ཞིག་གིས་ངར་དངུལ་སྒྱུར་དགོས་པ་དང་། གལ་ཏེ་དངུལ་མ་བསྒྱུར་ན་ངའི་གསང་བའི་གནས་ཀྱི་འདྲ་པར་ཁ་པར་ནང་གི་འབྲེལ་གཏུག་བྱ་ཡུལ་ཚང་མར་བསྐུར་གྱི་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་འདུག་ཅེས་བརྗོད། 

           ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེས་པ་དེས་མཚན་མོར་ཁ་པར་རྩེད་ཀྱིན་QQཡི“ཉེ་འགྲམ་གྱི་མི་འཚོལ་བ”ཞེས་པའི་བྱེད་ནུས་མནན་ནས། ཆགས་སྲེད་ཞབས་ཞུ་སྒྲུབ་ཆོག་ཅེས་ཤོད་མཁན་ཞིག་རང་ཉིད་ཀྱི་QQགྲོགས་ཚོམས་སུ་བཅུག དེ་རྗེས་མི་འདིས་བཤད་པ་ལྟར་ངོ་གདོང་དང་དེ་བཞིན་གསང་བའི་གནས་ཀྱི་འདྲ་པར“ཞིབ་བཤེར་ར་སྤྲོད”བྱེད་པར་བསྐུར་བ་མ་ཟད། མི་འདིས་བསྐུར་ཡོང་བའི་གཅེར་མོལ་དྲ་ཚུགས་ཁ་ཕྱེ་བ་རེད། ཡུད་ཙམ་སོང་རྗེས། ཁོ་པའི་QQལ་དེ་གོང་རང་གིས་བསྐུར་བའི་ངོ་གདོང་དང་གསང་བའི་གནས་ཀྱི་འདྲ་པར་དང་རྣམ་ཀུན་འབྲེལ་གཏུག་བྱ་ཡུལ་གྱི་ཁ་པར་ཨང་གྲངས་སོགས་མི་འདིས་ཚུར་བསྐུར་ཡོང་ནས། ལམ་སེང་ཁོ་པའི་དངུལ་ཁང་གཱ་ཡི་ནང་སྒོར་12000སྒྱུར་དགོས། གལ་ཏེ་མ་བསྒྱུར་ཚེ་འདྲ་པར་འདི་དག་ཁ་པར་ནང་གི་བྲེལ་གཏུག་བྱེད་མཁན་ཚང་མར་བསྐུར་གྱི་ཡིན་ཞེས་འཇིགས་སྐུལ་བྱས། དངུལ་སྒྱུར་རྩིས་བྱེད་པའི་མཚམས་སུ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཁ་བསླུས་ངོ་རྒོལ་དྲིལ་བསྒྲགས་ཀྱི་ནང་དོན་གློ་བུར་དུ་དྲན་ནས་འཕྲལ་མར་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་རོགས་སྐྱོར་ཞུ་བར་ཡོང་། 
            གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་སྐྱེས་པ་འདིར་སློབ་གསོ་གཏོང་ཞོར་ཁོ་པར་དེ་ནི་དམར་ཧྲེང་ཕུད་ནས་ཁ་བརྡ་བྱེད་པའི་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་ཤིག་ཡིན་པ་གསལ་བཤད་བརྒྱབ་པ་མ་ཟད། ཁ་བསླུས་ངོ་རྒོལ་གྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་ཐོག རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཞེས་པའི་APPཡང་ཁ་པར་ལ་ཕབ་རོགས་བྱས། 
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
          རྒྱ་ཆེའི་མང་ཚོགས་ཀྱིས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཡིན་ལུགས་ཚུལ་ལྡན་ངང་དྲ་བར་ཞུགས་པ་དང་། ཡུད་ཙམ་གྱི་སྣང་བ་སྐྱིད་པོ་ཡོང་བའི་ཆེད་དུ་རང་དགར་ཆ་རྒྱུས་མེད་པའི་མི་ལ་ཡིད་ཆེས་བྱེད་མི་རུང་། གལ་ཏེ་དམར་ཧྲེང་ཕུད་ནས་ཁ་བརྡ་བྱེད་པའི་ཁ་བསླུས་ཐེབས་ཚེ། དངུལ་སྤྲད་ནས་དོན་དག་ཐག་ཆོད་ཐུབ་པའི་བསམ་བློ་ཡེ་ནས་འཁྱེར་རྒྱུ་མེད་ཅིང་འཕྲལ་མར་ཉེན་དོན་སྙན་སེང་ཞུས་ཏེ། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྔ་ཙམ་གྱོད་གཞི་རྩད་ཆོད་ཐུབ་པ་དང་གྱོང་གུན་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས། 
 
རྩོམ་སྒྲིག་པ། མང་ག་མཚོ།