ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ནག་ཆུ་ནས་བྱུ་རུ་དང་སྤོས་ཤེལ་རྐུ་མཁན་ཞིག་བཟུང་འདུག

སྤེལ་དུས 2024-02-04 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཟླ་1ཚེས་28ཉིན། ནག་ཆུ་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཆེན་གྱིས་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་1བཟུང་བ་མ་ཟད། ཁོས་བརྐུས་པའི་རྒྱུ་དངོས་ཀྱང་འདེད་ལེན་ཐུབ་འདུག

                                                                            གྱོད་གཞིའི་གནས་ཚུལ་ཞིབ་ཕྲ།

          2023ལོའི་ཟླ་11ཚེས་21ཉིན། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཆེན་ལ་མང་ཚོགས་ཤིག་གིས་ངའི་སྒོར་ཁྲི་7རི་བའི་རྒྱུ་དངོས་བརྐུས་འདུག་ཅེས་ཉེན་དོན་སྙན་སེང་འབྱོར། སྙན་སེང་འབྱོར་འཕྲལ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གནས་ཚུལ་ཐོན་ཡུལ་དུ་རྩད་གཅོད་ཞིབ་བཤེར་དང་། འདྲི་ཞིབ་མཐིལ་རྟོགས། བརྟག་དཔྱད་དཔང་ལེན་སོགས་བྱས་མཐར་ཉེས་གསོག་དོགས་ཅན་ལྷག་ཆེ་གེ་མོ་ཡིན་པ་རྩད་ཆོད་ནས་ཟླ་1ཚེས་28ཉིན་བཟུང་བ་མ་ཟད། ཁོས་བརྐུས་པའི་སྤོས་ཤེལ་ཆ་གཅིག་དང་བྱུ་རུ་ཆ་གཅིག་འདེད་ལེན་ཐུབ་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལྷག་ཆེ་གེ་མོས་རང་ཉིད་ཀྱིས་བྱུ་རུ་སོགས་བརྐུས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
         
མིག་སྔར། ཉེན་རྟོག་པས་གྱོད་གཞི་འདི་ཐག་གཅོད་བྱས་དང་བྱེད་མུས་རེད་འདུག
རྩོམ་སྒྲིག་པ། མང་ག་མཚོ།