ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

ཕུའུ་ས་མན། ཁྲུང་ཁྲུང་སེར་པོའི་ཐོག་ཁང་།

སྤེལ་དུས 2023-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཟླ4བའི་ཚེས27ནས་ཟླ5བའི་ཚེས9ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་གིས་ཝུའུ་ཧན་ནས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བ་འཚོགས་པ་རེད། ཚོགས་འདུའི་སྟེང་དུ་ཁྲེན་ཏུའུ་ཞིའུ་ཡིས་ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་ཚབ་ཞུས་ཏེ《ཆབ་སྲིད་དང་རྩ་འཛུགས་སྐོར་གྱི་སྙན་ཞུ》ཕུལ་ཏེ། སྔར་བཞིན་ཝང་ཅིན་ཝེའི་ཕྱོགས་ཁག་གི་གཡས་ལྷུང་ལ་འོས་མེད་བསྟུན་ཐབས་བྱེད་པའི་སྲིད་ཇུས་བཏོན་པས། ཀྲུང་གོའི་གསར་བརྗེ་ལ་བགྲོད་ལམ་ཡང་དག་ཅིག་སྟོན་མ་ཐུབ་པ་དང་། གྲོས་ཚོགས་ཀྱི་སྐབས་སུ་མའོ་ཙེ་ཏུང་གིས་བཏོན་པའི“ས་ཞིང་འཐབ་རྩོད་ལ་མྱུར་དུ་ཤུགས་སྣོན་པའི”བསམ་འཆར་ལ་གྲོས་བསྡུར་དང་། ཡང་དག་པའི་བསམ་འཆར་དང་ལེན་བྱེད་མ་ཐུབ་པས། ཐུགས་སེམས་སྐྱིད་པོ་མེད་པའི་ཁོང་སྦྲུལ་རིའི་ཁྲུང་ཁྲུང་སེར་པོའི་ཐོག་ཁང་དུ་ཡོང་། མའོ་ཙེ་ཏུང་གིས་ཁྲུང་ཁྲུང་སེར་པོའི་ཐོག་ཁང་གི་སྟེང་ནས་རྒྱང་ལྟ་བྱས་པ་ན། མདུན་གྱི་མཛེས་ལྗོངས་ཡོད་ཚད་མིག་ལམ་ལ་གསལ་ལེར་མངོན་ཞིང་། མུ་མཐའ་མེད་པའི་གཙང་པོའི་ཤར་ཕྱོགས་སུ་བཞུར་པ་དང་། ཕིང་ཧན་ལྕགས་ལམ་ལྷོ་བྱང་དུ་བསྲིངས་ལ། སྦལ་སྦྲུལ་རི་བོ་གཉིས་ཀ་མུ་མཐའ་མེད་པའི་མཁའ་དབྱིངས་ལ་ཟུག་འདུག   ཉམས་འགྱུར་དེ་མཐོང་བས།  ཁོང་གིས《ཕུའུ་ས་མན། ཁྲུང་ཁྲུང་སེར་པོའི་ཐོག་ཁང་།》ཞེས་པ་བརྩམས་པ་རེད། 
ཕུའུ་ས་མན། ཁྲུང་ཁྲུང་སེར་པོའི་ཐོག་ཁང་།
1927ལོའི་དཔྱིད་ཀར།

ལོང་ལོང་ཆུ་ལག་དགུ་ལྡན་དཀྱིལ་ནས་རྒྱུག
ལྗིད་ལྗིད་ཐིག་རིང་གཅིག་གིས་ལྷོ་བྱང་སྦྲེལ།
ཆར་སིལ་དུ་ཞག་རབ་རིབ་འཁྲིག
རུས་སྦལ་སྦྲུལ་གིས་གཙང་ཆེན་བཅུར།
 
ཁྲུང་སེར་གང་དུ་ཕྱིན་ཡོད་དམ།
སྤྲོ་འཆམ་བྱེད་ཡུལ་གཅིག་པུར་ལུས།
ཆིལ་ཆིལ་གཙང་པོར་ཆང་གིས་མཆོད།
སེམས་གི་རྦ་ཀློང་རླབས་ལྟར་འཕྱུར།
 
མའོ་ཀྲུའུ་ཞིའི་གསུང་བཏུས།
མའོ་ཀྲུའུ་ཞིའི་གསུང་རྩོམ་ལྔ།
མའོ་ཀྲུའུ་ཞིའི་སྙན་ཚིག
མི་རིགས་དཔེ་སྐྲུན་ཁང་གིས་སྒྱུར་ནས་སྐྲུན་པ།
1969ལོའི་ཟླ4པར་པེ་ཅིན་ལ་པར་གཞི1པོ་སྒྲིག་པ་དང་པར་ཐེངས1པོ་བརྒྱབ་པ།
དེབ་རེར་སྒོར་ཟུར4