དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

དམངས་ཕན་གྱི་གཏམ་བཟང་འདི་སང་ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

སྤེལ་དུས 2021-01-29 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           ཟླ་༡ཚེས༢༨ཉིན་གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་གསལ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་ལྡན་ཅན་དུ་སྒྱུར་བའི་བླང་བྱ་དོན་འཁྱོལ་སྔར་ལས་ལེགས་པར་བྱེད་པ་དང་། མང་ཚོགས་ཀྱི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་རང་ལྗོངས་ཀྱི་གཞུང་བཙུགས་སྨན་བཅོས་ཚན་པའི་ཏོག་གསར་གློ་ཚད་རིམས་ནད་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་། ཏོག་གསར་གློ་ཚད་རིམས་ནད་འགོག་རྫས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་པའི་རྣམ་གྲངས་རིན་གོང་ལེགས་སྒྲིག་བྱས་ཤིང་། ལེགས་སྒྲིག་བྱས་རྗེས་ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་བཅོས་ཚན་པའི་ཏོག་གསར་གློ་ཚད་རིམས་ནད་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་དེ་མི་རེར་སྒོར༢༠༠ནས་སྒོར༨༠བར་བཅགས་པ་དང་། རིམ་པ་གཉིས་པ་དང་དེའི་མན་གྱི་གཞུང་བཙུགས་སྨན་བཅོས་ཚན་པའི་མི་རེར་སྒོར༧༢བར་བཅགས་ཡོད། རིན་གོང་དེའི་ནང་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་དངོས་རྫས་ཀྱང་ཚུད་ཡོད། ཏོག་གསར་གློ་ཚད་གི་འགོག་གཟུགས་ཀྱི་ཞིབ་དཔྱད་རིན་གོང་དེ་མི་རེར་སྒོར༡༠༠ནས་སྒོར༤༠བར་བཅགས་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་སྒྲིག་བྱས་རྗེས་ཀྱི་རིན་གོང་དེ་ཟླ༡ཚེས༢༩ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་རྒྱལ་ཁབ་ཀྱིས་སྲིད་འཛིན་གྱི་བྱེད་ཐབས་སྤྱད་ནས་གཏན་འབེབས་བྱས་པའི་རིན་གོང་མཐོ་ཤོས་དེ་ཡིན་ལ། རང་ལྗོངས་ཀྱི་རིམ་ཁག་གཞུང་བཙུགས་སྨན་བཅོས་ཚན་ཁག་ཏུ་སྤྱོད་པར་འཚམ་པོ་ཡོད། གཞུང་བཙུགས་སྨན་བཅོས་ཚན་པ་ཁག་གིས་རིན་གོང་ཚད་གཞི་ལག་བསྟར་ནན་པོ་བྱ་དགོས་པར་མ་ཟད། མངོན་གསལ་དོད་སར་རིན་གོང་རྣམ་གྲངས་ཀྱི་མིང་དང་། རིན་གོང་ཚད་གཞི། རིན་གོང་གི་གཞི་འཛིན་ས། རྣམ་གྲངས་ཀྱི་ནང་དོན་སོགས་ཡོངས་བསྒྲགས་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།