དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

ད་ནས་བཟུང་ཆུང་འབྲིང་སློབ་མས་དངོས་པོ་འདི་སློབ་ཁང་དུ་འཁྱེར་མི་ཆོག

སྤེལ་དུས 2021-03-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱ་ཆེད་སློབ་གསོ་པུས་ཆུང་འབྲིང་སློབ་མའི་ལག་འཁྱེར་ཁ་པར་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་འདུག

          གསར་འགོད་པར་སྤྱི་ཚེས་12ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུའི་གཞུང་ལས་ཐིང་གིས་ཉེ་ཆར་བརྡ་ཁྱབ་བཏང་ནས། ད་ལོའི་སྤྱི་ཟླ་3པའི་ནང་དཔྱིད་དུས་སློབ་འགོ་ཚུགས་སྐབས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོ་ཟླ་བའི་བྱ་འགུལ་སྤེལ་འཆར་ཡོད་པ་རེད། བརྡ་ཁྱབ་ནང་དུ་ལག་འཁྱེར་ཁ་པར་གྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བྱེད་དགོས་པ་དང་། ས་གནས་ཁག་གི་སློབ་གྲྭས་ཆུང་འབྲིང་སློབ་མའི་ལག་འཁྱེར་ཁ་པར་ཚད་ཡོད་ཀྱིས་སློབ་རར་འཁྱེར་བ་དང་སློབ་ཁང་དུ་འཁྱེར་རྒྱུ་གཏན་འགོག་བྱེད་དགོས་པ་དང་། ཁྱིམ་བདག་གིས་ཕྲུ་གུའི་ཁ་པར་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱས་ནས། ཕྲུ་གུས་ལུགས་མཐུན་གྱིས་ཁ་པར་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

          ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་སློབ་གསོ་ཟླ་བའི་བྱ་འགུལ་གྱི་བརྗོད་བྱ་ནི་“ཐུན་མོང་གིས་བྱིས་པའི་མིག་ལ་སྲུང་སྐྱོང་བྱས་ནས། ཁོ་ཚོར་འོད་སྟོང་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས།”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་སློབ་གྲྭའི་བདེ་ཐང་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཁྱོན་ཡོངས་ནས་《བྱིས་པ་དང་ལོ་ཆུང་གཞོན་ནུའི་རྒྱང་སྒྲིབ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི།》ཞེས་པ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་སློབ་གསོའི་སྣང་ཚུལ་ཞིག་བསྐྲུན་རྒྱུ་དེ་རེད།

          བརྡ་ཁྱབ་ནང་དུ་ས་གནས་ཁག་དང་སློབ་གྲྭ་ཁག་གིས་མིག་ལ་གཅེས་སྐྱོང་དང་མིག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ་དང་རྒྱང་སྒྲིབ་ལ་ལྟ་དཔྱད་ཐེ་གཏོགས་བྱེད་པར་ཤུགས་སྣོན་རྒྱག་པ། སློབ་གྲྭའི་རྒྱུན་ལྡན་དོ་དམ་ཇེ་ལེགས་སུ་གཏོང་བ། ལག་འཁྱེར་ཁ་པར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནུས་ལྡན་གྱིས་ཁྱིམ་བདག་ཐེ་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་པ། ཕན་ལྡན་གྱི་ཉམས་མྱོང་དང་བྱེད་ཐབས་དྲིལ་བསྒྲགས་བྱེད་པ་སོགས་ཕྱོགས་དྲུག་གི་བྱ་འགུལ་ནང་དོན་འདུས་ཡོད་ལ། དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་སྐབས་བེད་སྤྱོད་བྱས་ནས་དམིགས་འཛུགས་རང་བཞིན་གྱིས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོ་ཟླ་བའི་བྱ་འགུལ་བཀོད་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

          གཞན་ཡང་སློབ་གྲྭའི་རྒྱུན་ལྡན་དོ་དམ་ཇེ་ལེགས་སུ་གཏོང་བའི་ཐད་བརྡ་ཐོའི་ནང་དུ། ས་གནས་ཁག་གིས་སློབ་གྲྭས་ཁྱོན་ཡོངས་རང་བཤེར་བྱེད་པར་སྐུལ་འདེད་བྱས་ནས། མཐོང་ཚོར་ཁོག་ཡུག་ལེགས་བསྒྱུར་དང་ཚད་མ་ལོན་པ་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། མིག་སྲུང་སྦྱོང་རྩལ་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ།               སློབ་ཐུན་རེའི་བར་གསེང་དུ་ངེས་པར་དུ་སློབ་མ་སློབ་ཁང་ཕྱི་རུ་འགུལ་སྐྱོད་དང་རྒྱང་བལྟ་བྱེད་དུ་འཇུག་དགོས་པའི་སྐོར་བཏོན་ཡོད། དེ་མིན་ལག་འཁྱེར་ཁ་པར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཆུང་འབྲིང་སློབ་མའི་ལག་འཁྱེར་ཁ་པར་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་སྐོར་གྱི་བརྡ་ཁྱབ་ལག་ལེན་བསྟར་ནས།    ལག་འཁྱེར་ཁ་པར་ཚད་ཡོད་ཀྱིས་སློབ་རར་འཁྱེར་བ་དང་སློབ་ཁང་དུ་འཁྱེར་རྒྱུ་གཏན་འགོག་བྱེད་དགོས་པ་དང་། ཁྱིམ་བདག་གིས་བུ་ཕྲུག་གི་ལག་འཁྱེར་ཁ་པར་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱས་ནས། བུ་ཕྲུག་གིས་ལུགས་མཐུན་གྱིས་ཁ་པར་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་པ། དུས་མཚུངས་སུ་སྦྱོང་ཚན་དང་གཉིད་ཉལ། ཀློག་དེབ། གཟུགས་གཞི་སོགས་ཀྱི་དོ་དམ་ལེགས་པོ་བསྒྲུབ་ནས།  ཆུང་འབྲིང་སློབ་མས་མིག་ཤེད་སྲུང་སྐྱོང་ལ་དོ་སྣང་བྱེད་པར་ཁྲིད་སྟོན་དང་ལུས་སེམས་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་བཏོན་ཡོད།