ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

སྤྲེའུ་འབྲུམ་ནད་སྔོན་འགོག་ཇི་ལྟར་བྱ་དགོས་པའི་ཐབས་ལམ་གསར་པ།

སྤེལ་དུས 2023-08-28 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ།

               སྤྲེའུ་འབྲུམ་ནི་སྤྲེའུ་འབྲུམ་གྱི་ནད་དུག་མི་ཕྱུགས་གཉིས་ཀར་འགོས་པའི་ནད་ཅིག་ཡིན་ལ། ནད་དུག་དེ་ཕོག་ཚེ་ལུས་པོར་ཚ་རྒྱས་པ་དང་ལུས་སྟེང་ལ་རྨ་འབུད་པ། རྨེན་མདུད་སྐྲངས་པ་བཅས་ཀྱི་ནད་རྟགས་གཙོ་བོ་མངོན་པའི་འགོས་ནད་རང་བཞིན་ཅན་ཞིག་ཡིན། ད་ཆར་སྤྲེའུ་འབྲུམ་མུ་མཐུད་དུ་མི་མང་པོར་འགོ་བ་བཀག་འགོག་བྱས་ཏེ་སྤྱི་དམངས་ཀྱི་ངོས་འཛིན་ཇེ་མཐོར་གཏོང་ཆེད། རྒྱལ་ཁབ་རིམས་ནད་གསོ་རིག་ལྟེ་གནས(ཧྥུ་ཏན་སློབ་ཆེན་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་།)དང་ཀྲུང་ཧྭ་སྔོན་འགོག་གསོ་རིག་ལྷན་ཚོགས་འགོས་ནད་འགོག་ཟོན་ཡན་ལག་ཚོགས་པས་མཉམ་འབྲེལ་སྒོས《སྤྲེའུ་འབྲུམ་སྔོན་འགོག་ཐད་ཀྱི་སྤྱི་དམངས་ཀྱི་འགོག་ཟོན་ཕྱོགས་སྟོན(2023)》གཏན་འབེབས་ཀྱི་ལས་དོན་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ཀྱིས་སྤྲེའུ་འབྲུམ་གྱི་ནད་དུག་ལ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་སྤྱོད་གོ་ཆོད་ལ་ཕན་ནུས་ལྡན་པའི་སྔོན་འགོག་ཐབས་ཇུས་དང་དེ་བཞིན་ཁ་གཏད་གཅོག་ཐབས་མཁོ་འདོན་བྱ་རྒྱུ་རེད།

              ནད་འགོ་ལམ།

 

              ནད་འགོ་ལམ་ལ་གཙོ་བོ་རིགས་གཉིས་ཡོད།

              1.སྲོག་ཆགས་དང་མིའི་བར་ཕན་ཚུན་ལ་རེག་ཐུག་ལས་འགོ་པ་དང་ཚོས་མ་རློན་གྱི་ཟས་ལས་ནད་དུག་དེའི་རིགས་འགོས་ཁྱབ་བྱེད་སླ།   

              2.མི་དང་མིའི་བར་གྱི་འགོ་ལམ་གཙོ་བོ་ནི་སྤྲེའུ་འབྲུམ་བྱུང་བའི་མི་ཡི་ལུས་སྟེང་གི་རྨ་ཁ་དང་ཁ་ཆུ། དབུགས་རྔུབ་ལེན། དངོས་པོའི་ཐོག་འགོས་པ(དཔེར་ན་ཉལ་གདན་ལྟ་བུ)སོགས་ཡིན་པར་མ་ཟད། ལུས་འབྲེལ་ལས་ཀྱང་འགོ་སྲིད།

 

              2.འགོ་སླ་བའི་མི་ཚོགས།

              གཤམ་གྱི་མི་དག་ལ་ནད་དུག་དེའི་རིགས་འགོ་སླ།

              1.སྤྲེའུ་འབྲུམ་ཅན་གྱི་མི་དང་འབྲེལ་བ་དམ་ཟབ་ཡོད་པའི་མི།

              2.སྤྲེའུ་འབྲུམ་ཅན་གྱི་མི་ལ་འབྲེལ་འདྲིས་བྱས་པའི་མི་དང་སྤྲེའུ་འབྲུམ་ནད་པར་སྨན་བཅོས་བྱེད་མྱོང་པའི་སྨན་པ།

              3.རིམས་འགོག་ནུས་པ་ཞན་པའི་བྱིས་པ་དང་སྦྲུམ་མའི་རིགས།

 

              3. ནད་རྟགས་ཀྱི་མངོན་སྟངས།

              སྤྲེའུ་འབྲུམ་ལ་སྨན་བཅོས་བརྒྱུད་ནད་རྟགས་ཀྱི་མངོན་སྟངས་ཕྱོགས་བསྡུས་ལྟར་ན། ལུས་པོར་ཚ་རྒྱས་པ་དང་ལུས་སྟེང་ལ་རྨ་འབུད་པ། རྨེན་མདུད་སྐྲངས་པ་བཅས་ཀྱི་ནད་རྟགས་ཡོད་པར་མ་ཟད། མགོ་ན་བ་དང་ཟ་འཕྲུག་ལངས་པ། ཐང་ཆད་པ། ཤ་གནད་ན་བ། སྒལ་གཞུང་ན་བ། མིད་པ་ན་བ། ཁ་ནང་རུལ་བ། དེ་མིན་རྨེན་མདུད་སྐྲངས་བ་བཅས་ནི་ཆུ་འབྲུམ་དང་མི་གཅིག་པའི་ནད་རྟགས་གཙོ་བོ་རེད།

 

              4. སྤྲེའུ་འབྲུམ་ལས་ཤི་བའི་གྲངས་ཚད།

              སྤྲེའུ་འབྲུམ་ནད་དུག་ཕོག་རྗེས་ཤི་བའི་གྲངས་ཚད་དང་འགོས་ནད་ཀྱི་ནད་དུག་རིགས་བཀར་ཚད་གཞི་དེ་མི་སྒེར་གྱི་ལུས་པོའི་བཟང་ངན་ལ་འབྲེལ་ཡོད། 2022ལོ་ནས་བཟུང་སྤྲེའུ་འབྲུམ་གྱིས་ཤི་བའི་གྲངས་ཚད་ནི0.13%རེད།

 

              5. སྤྱི་དམངས་ཀྱི་འགོག་ཟོན་བྱ་ཐབས།

              1.སྤྲེའུ་འབྲུམ་ཅན་གྱི་མི་དང་འབྲེལ་འདྲིས་མེད་པ་བྱ་དགོས། གལ་ཏེ་ཐབས་མེད་པར་འབྲེལ་འདྲིས་བྱུང་བ་ཡིན་ན་ལག་པ་བཀྲུ་བ་དང་དུག་སེལ་བྱ་དགོས་པར་མ་ཟད། རང་ཉིད་ལ་སྤྲེའུ་འབྲུམ་འགོས་པའི་དོགས་གཞི་ཡོད་ན་དེ་མ་ཐག་སྨན་ཁང་དུ་འགྲོ་དགོས།

              2.འགོས་སླ་བའི་སྤྲེའུ་འབྲུམ་ཅན་གྱི་སྲོག་ཆགས་དང་རྒྱང་དུ་བཀྱེད་དགོས།

              3.གནས་སྐབས་སུ་སྤྱིར་བཏང་གི་མི་ཚོགས་ཀྱིས་འགོག་སྨན་རྒྱག་མི་དགོས།

 

              6. ནད་རྟགས་ངོས་འཛིན།

              སྤྲེའུ་འབྲུམ་ནད་རྟགས་ཀྱི་ངོས་འཛིན་ཐབས་གཙོ་བོ་ནི་རྒྱུག་ཆེ་བའི་ནད་རིགས་ལོ་རྒྱུས་དང་ནད་རྟགས་ཀྱི་མངོན་སྟངས། ཉིང་སྐྱུར་རྟགས་དཔྱད་བྱ་ཐབས་སོགས་བརྒྱུད་ནས་ནད་རྟགས་ངོས་འཛིན་བྱ་དགོས།

 

              7. སྨན་བཅོས་བྱ་ཐབས།

              སྤྲེའུ་འབྲུམ་ནད་དུག་ཕོག་པའི་ནད་པའི་སྨན་བཅོས་བྱ་ཐབས་ནི་འགོས་ནད་སྨན་ཁང་དུ་བཀར་འཇུག་བྱས་ནས་ནད་རྟགས་ལྟར་སྨན་བཅོས་བྱ་དགོས་ལ། དེར་ན་ཟུག་འཇོམས་པ་དང་ཚ་འཇོག་པ། ལུས་སྟེང་གི་རྨ་ལ་སྨན་བཅོས་བྱེད་པ། ལུས་ཟུང་གསོ་བ་སོགས་འདུ།

 

              8. ནད་གཞུག

              ནད་དུག་དེ་ཕོག་རྗེས་བཅུ་ཆའི་གཅིག་ལ་མིག་དབང་ཉམས་པ་དང་དབང་རྩའི་ནད་སོགས་ཀྱི་ནད་གཞུག་ཡོད་པ་རེད། འོན་ཀྱང་ཞིབ་འཇུག་གིས་ར་སྤྲོད་བྱས་པ་ཧ་ཅང་ཉུང་།

རྩོམ་སྒྲིག་པ། མང་ག་མཚོ།