ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

རུས་ཚིགས་ལ་སྲུང་སྐྱོབ་བྱེད་པར་འདི་གཉིས་ལ་དོ་སྣང་བྱ་དགོས།

སྤེལ་དུས 2023-11-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

               རྒྱུན་ལྡན་གྱི་འཚོ་བ་དང་འགུལ་སྐྱོད་ཀྱི་ཁྲོད་དུ་རུས་ཚིགས་ལ་ཤུགས་རྐྱེན་ཐེབས་ཚད་ཅུང་མང་བས། ཀུན་གྱིས་ཡིད་ལ་འཛིན་པའི་ཆེད་དུ་དོན་གནད་གལ་ཆེན་གཉིས་ཚང་མར་གསལ་འདེབས་བྱ།

                                                       ཐོག་མར་རུས་ཚིགས་མི་བདེ་ན་མྱུར་དུ་འགུལ་བསྐྱོད་བྱེད་མཚམས་འཇོག་དགོས།
                རུས་ཚིགས་ནི་ཧ་ཅང་གཉོམ་པས། གལ་ཏེ་ཅུང་ཙམ་ན་བའི་རྟགས་བྱུང་ཚེ་དེ་མ་ཐག་ཏུ་འགུལ་བསྐྱོད་བྱེད་མཚམས་འཇོག་དགོས།
                ཚང་མས་རུས་ཚིགས་མི་བདེ་བར་བཟོད་བསྲན་བྱས་ཏེ་འགུལ་སྟངས་འགའ་རེ་རྒྱུན་འཁྱོངས་བྱེད་པའམ་ཡང་ན་འདུག་སྟངས་འགའ་རེ་རྒྱུན་འཁྱོངས་བྱེད་མི་རུང་།
                དཔེར་ན། ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཙོག་པུར་བསྡད་རྗེས་པུས་མོ་མི་བདེ་བར་གྱུར་ཚེ། ངེས་པར་དུ་ཡར་ལངས་ནས་འགུལ་སྐྱོད་བྱེད་དགོས། 
                རྒྱུ་མཚན་ནི་སྐབས་འདིར་པུས་མོའི་རུས་ཚིགས་ཀྱི་ཐེག་ཚད་ལས་བརྒལ་ཡོད་པས། གལ་ཏེ་མུ་མཐུད་དུ་ཙོག་ན་རུས་ཚིགས་ལ་རྨས་སྐྱོན་ཐེབས་སླ། དེའི་ཕྱིར་ང་ཚོས་རུས་ཚིགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ན། རུས་ཚིགས་ཀྱིས་ལུས་ཕུང་ལ་བཏང་བའི་བརྡ་ལ་ཉན་དགོས།

                                                        དེ་ལས་གཞན། འགུལ་སྟངས་མྱུར་དུ་མཚམས་འཇོག་དགོས།
               འགུལ་སྟངས་གང་ཞིག་ཡིན་རུང་། གལ་ཏེ་ཅུང་ཙམ་དཀའ་ལས་ཡོད་ན། དཔེར་ན་རང་གི་རྐང་པ་ཅུང་ཐང་ཆད་པ་དང་འདར་བའི་ཚོར་བ་བྱུང་སྐབས། འགུལ་སྟངས་ལ་འགྱུར་མགོ་བརྩམས་ཟིན་པས། སྐབས་དེར་མཚམས་བཞག་ནས་ངལ་གསོ་དགོས།
               ལུས་རྩལ་ལ་ཤིན་ཏུ་དགའ་བའི་མི་ཧ་ཅང་མང་པོ་ཞིག་གི་བློ་རྩ་བརྟན་པོ་ཡིན་ལ། བཟོད་པ་སྒོམ་ཐུབ་མོད། འོན་ཀྱང་འདི་ལྟར་རྒྱུན་འཁྱོངས་བྱས་ན་རུས་ཚིགས་ལ་མཚོན་ན་གནོད་པ་ཆེན་པོ་ཡོད། རྒྱུ་མཚན་ནི་འགུལ་སྟངས་ཀྱི་རྣམ་པ་འགྱུར་སྐབས། རུས་ཚིགས་ནི་གཏན་འཇགས་མིན་པས། རྒྱུན་ལྡན་གྱི་འགུལ་སྐྱོད་ཀྱི་རྗེས་ཤུལ་དེད་ནས་འགུལ་སྐྱོད་བྱེད་དཀའ།
              གནས་ཚུལ་འདི་འདྲའི་འོག་ཏུ། རུས་ཚིགས་ཀྱི་གནོན་ཤུགས་ཐེབས་ཡུལ་དེ་ཁྱོན་ཡོངས་ནས་གནས་ངེས་ཅན་ཞིག་ལ་སྤོ་བ་དང་། གནོན་ཤུགས་དེ་ལས་ཆེ་བ་རུས་ཚིགས་སྟེང་གི་གནས་གཅིག་ལ་འདུས་པས། གནས་དེར་རྨས་སྐྱོན་འབྱུང་སླ་བ་ཡིན། གལ་ཏེ་གནོན་ཤུགས་དེ་ཏག་ཏག་ཁྱེད་ཀྱི་རྒྱུས་པའམ་ཡང་ན་པུས་མོའི་ཟླ་གམ་དབྱིབས་ཀྱི་རུས་པའི་གནས་སུ་གཅིག་སྡུད་བྱས་ཚེ་གནས་དེ་དག་ལ་གནོད་སྐྱོན་ཕོག་སླ་པོ་ཡོད། 

               མཇུག་ཏུ་ཕྱོགས་བསྡོམས་ཤིག་བྱས་ན། རུས་ཚིགས་ནད་ཀྱི་འབྱུང་རྐྱེན་ཅུང་མང་མོད། འོན་ཀྱང་འཁྱག་པ་ནི་དེའི་རྒྱུ་རྐྱེན་མིན། ཡིན་ནའང་དགུན་ཁའི་དོར་མ་ང་ཚོས་གྱོན་དགོས། རྒྱུ་མཚན་ནི་རུས་ཚིགས་འཁྱགས་ན་མི་བདེ་བའི་ནད་རྟགས་འབྱུང་སླ་བ་མ་ཟད། ད་དུང་རུས་ཚིགས་ལའང་གནོད་སྐྱོན་འབྱུང་སྲིད། ང་ཚོས་དུས་རྒྱུན་དུ་སྦྱོང་བརྡར་བྱེད་དུས་ཀྱང་རུས་ཚིགས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་ལས་ཨུ་ཚུགས་བྱ་མི་རུང་།

                                                                                                                                  རྩོམ་སྒྲིག་པ། མང་ག་མཚོ།