ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

གོམ་པ་བརྒྱབ་ན་ཕན་ཐོགས་མང་པོ་འདི་འདྲ་ཡོད་པ་ཁྱེད་ཀྱིས་ཤེས་སམ།

སྤེལ་དུས 2023-12-19 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།

མཆིན་ཚིལ་རྒྱས་པའི་ནད་ལ་ཕན་པ།

རྒྱུན་དུ་གོམ་པ་མང་ཙམ་བརྒྱབ་ན་མཆིན་ཚིལ་རྒྱས་པའི་ནད་མགྱོགས་པོ་དྲག་སྐྱེད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། ཞིབ་འཇུག་ལས་མངོན་དོན། གལ་སྲིད་གཟའ་འཁོར་རེར་གོམ་པ་སྐར་མ་150ཡན་བརྒྱབ་ན་མཆིན་ཚིལ་རྒྱས་པའི་ནད་གང་མགྱོགས་དྲག་སྲིད།


གྲུམ་ཚིགས་ནད་ལ་ཕན་པ།
གོམ་པ་བརྒྱབ་དྲགས་ན་གཟུགས་པོར་གནོད་སྲིད། འོན་ཀྱང་ཉིན་ལྟར་གོམ་པ་ཚད་རན་པོ་ཞིག་རྒྱག་རྒྱུ་རྒྱུན་འཁྱོངས་ན་རུས་ཚིགས་ལ་ཕན་པ་མ་ཟད། སྙིང་ལའང་ཕན་ཐོགས་ཆེན་པོ་ཡོད།

རྒྱགས་པ་ཆགས་ན་ལུས་པོ་བདེ་པོ་མེད།
རྒྱགས་པ་ཆགས་མི་འདོད་ན། རྒྱུན་དུ་ནས་ལུས་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ཉིན་རེར་གོམ་པ་སྐར་མ་30བརྒྱབ་ན། གཟུགས་པོའི་ལྗིད་ཚད་ཚོད་འཛིན་ཐུབ་རྒྱུ་མ་ཟད། གཟུགས་བྱད་ཀྱང་ཡག་ཏུ་འགྲོ་ངེས་རེད།
ཁྲག་ཤེད་མཐོ་རུ་འགྲོ་མི་སྲིད།

ཁྲག་ཤེད་མཐོ་རུ་འགྲོ་མི་སྲིད།
ཨ་རིའི་ཞིབ་མཇུག་མི་སྣས་ཞིབ་མཇུག་བྱས་པ་ལས་མངོན་པར། རྒྱུན་དུ་ནས་གོམ་པ་མང་ཙམ་བརྒྱབ་ན་ཁྲག་ཤེད་11mmHgདམའ་རུ་གཏོང་ཐུབ་པ་མ་ཟད། གྲིབ་སྐྱོན་ཕོག་པའི་ཉེན་ཁའང་ཆུང་དུ་འགྲོ་ཡི་ཡོད་ཅེས་བརྗོད་འདུག

སྙིང་ཁམས་ཁྲག་རྩའི་ནད་ལ་ཕན་པ།
《དབྱིན་ཇིའི་གསོ་རིག་དུས་དེབ་གསར་པ》ཡི་ཐོག་བཀོད་པ་ལྟར་ན། རྒྱུན་དུ་གོམ་པ་ངེས་ཅན་ཞིག་བརྒྱབ་ཚེ། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་30%ཆུང་དུ་འགྲོ་ཡི་ཡོད། འོན་ཀྱང་། རྒན་རྒོན་ནམ་ཡང་ན་གཟུགས་པོ་སྐྱོ་བའི་མིས་བཟའ་མ་ཟས་ནས་ཆུ་ཚོད་གཅིག་ཙམ་ངལ་གསོས་རྗེས་གཞི་ནས་འཆམ་འཆམ་བྱས་ན་ལེགས།


སྐྲན་ནད་སྔོན་འགོག་ཐུབ་པ།
གོམ་པ་རྒྱག་རྒྱུ་ནི་སྐྲན་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གལ་སྲིད་ཉིན་ལྟར་གོམ་པ་སྨི་1600དང་དུས་ཚོད་སྐར་མ་20ཡི་ནང་ཚུན་དུ་འཆམ་འཆམ་བྱས་ན། སྐྲན་ནད་སྔོན་འགོག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད།


གཉིད་ཁུག་བདེ་རུ་འགྲོ་བ།
དགོང་མོ་ལྟོ་ཆས་ཟས་རྗེས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འཆམ་འཆམ་བྱེད་དགོས་པ་དང་། དེ་རྗེས་ངལ་གསོ་སྐར་མ་15ཙམ་བརྒྱབ་ནས་ཉལ་ན་གཉིད་དེ་བས་ཁུག་བདེ་བ་ཡོད། ས་སྲོད་ལ་འཆམ་འཆམ་བྱེད་པའི་གོམས་གཤིས་འཇགས་ཚེ། ཟླ་བ་གསུམ་མི་འགོར་བར་གཉིད་ཁུག་སླ་རུ་འགྲོ་རྒྱུ་མ་ཟད། གཟུགས་པོའང་བདེ་རུ་ལྡབ་གཅིག་འགྲོ་སྲིད།

 

རྩོམ་སྒྲིག་པ། མང་ག་མཚོ།