དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གསུམ་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

སྤེལ་དུས 2021-01-21 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
           རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གསུམ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།    དེའི་ནང་གི་བཅོ་ལྔ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།  ཀོང་ཏུང་དུ་ནད་པ་གསུམ་དང་ཧྲང་ཧེ་རུ་ནད་པ་བཞི།     ཀྲེ་ཅང་དུ་ནད་པ་གཉིས།    སི་ཁྲོན་དུ་ནད་པ་གཉིས། ཐེན་ཅིན་དུ་ནད་པ་གཅིག ཧྥུའུ་ཅན་དུ་ནད་པ་གཅིག ཧྲའན་ཞི་རུ་ནད་པ་གཉིས་བཅས་བྱུང་ཡོད། ས་གནས་རང་གི་ནད་པ་གྱ་བརྒྱད་ཡོད་ལ། ཧི་པེ་ནས་ནད་པ་བཅུ་དགུ་དང་ཧེ་ལུང་ཅང་ནས་ནད་པ་བཅུ་དྲུག ཅི་ལིན་ནས་ནད་པ་ཞེ་དྲུག  པེ་ཅིན་ནས་ནད་པ་བདུན་བཅས་བྱུང་བ་རེད།
          ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བཅུ་བདུན་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སྟོང་གཉིས་དང་བརྒྱ་དང་གཉིས་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་གཅིག་གི་ཇེ་མང་ལ་སོང་།
          ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་དོན་དྲུག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གཅིག་ཡོད་ལ།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་ཞེ་ལྔ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་བཞི་དང་ཉིས་བརྒྱ་  རེ་དགུ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།
          ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་དྲུག་བརྒྱ་སོ་བཞི་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་དགུ་དང་བདུན་བརྒྱ་ཉི་ཤུ་ཡོད་པ་དང་། ནད་པ་སྟོང་བརྒྱད་དང་བརྒྱད་བརྒྱ་ཉེར་བརྒྱད་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་རེ་ལྔ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་བརྒྱད་བརྒྱ་དང་རེ་བརྒྱད་ཡོད་པ་དང་ནད་པ་བདུན་བརྒྱ་དང་རེ་དྲུག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་ཤོར། །