དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

གངས་རིའི་འདབས་ཀྱི་སྨན་པ་བཟང་པོ་ཞུའེ་ཧྲེང་ཁུའེ།

སྤེལ་དུས 2021-01-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཞུའེ་ཧྲེང་ཁུའེ་ནི་ཧྲའན་ཤིས་ཞིང་ཆེན་ཧྲི་ཆོན་རྫོང་ནས་ཡིན་ལ། 1964ལོར་དམག་ལ་ཞུགས་ཤིང་ཀྲུང་གུང་ཏང་ཡོན་ཡིན། ཁོང་ནི་བྲག་སྐོར་ལའི“ས་མཐོའི་གསར་བརྗེའི་མཐའ་སྲུང་རུ་ཁག”གི་དམག་ཁོངས་སྨན་པ་ཞིག་ཡིན་ལ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་ཀྱང་ཡིན། དེ་གའི་མི་རྣམས་ཀྱིས“གངས་རིའི་འདབས་ཀྱི་སྨན་པ་བཟང་པོ”ཞེས་འབོད་ཀྱི་ཡོད་པ་རེད། 1978ལོའི་ཟླ་བཅུ་པར། ཁྲེང་ཏུའུ་དམག་ཁུལ་ཁང་ཏང་ཨུད་ཀྱིས་ཞུའེ་ཧྲེང་ཁུའེ“ལེ་ཧྥུང་ལྟ་བུའི་ལས་བྱེད་པའི”མཚན་སྙན་གྱི་ཆོག་མཆན་སྤྲོད་པའི་གཏན་འབེབས་བྱས་པ་རེད། 
          1967ལོར། ཞུའེ་ཧྲེང་ཁུའེ་བོད་ལྗོངས་གམ་པ་རྫོང་བྲག་སྐོར་ལ་སོ་ལྟ་ཁང(བྲག་སྐོར་ལ་མཐའ་སྲུང་རུ་ཁག་ཀྱང་ཟེར)གི་འཕྲོད་བསྟེན་པར་མངགས། དེ་གར་སླེབས་རྗེས་ཁོང་གིས་མང་ཚོགས་ཀྱི་ནད་ཀྱི་སྡུག་བསྔལ་སེལ་རྒྱུ་དེ་སེམས་ལ་བཞག སྐབས་དེར། བྲག་སྐོར་ལ་མཐའ་སྲུང་རུ་ཁག་བཅའ་སྡོད་བྱ་ཡུལ་གྱི་མཐའ་འཁོར་དུ་དགྱེས་རུ་དང་ཁམ་བུ་སྟོད་ཤང་གཉིས་ཡོད་ལ་ཐག་རིང་ལུང་ཁུག་ཡིན་རྐྱེན་སྨན་བཅོས་ཀྱི་ཆ་རྐྱེན་ཧ་ཅང་ཞན། ཞུའེ་ཧྲེང་ཁུའེ་ཡིས་དབྱར་དགུན་སྟོན་དཔྱིད་གང་དུ་ཡང་རི་མཐོ་བ་དང་། ལམ་ཐག་རིང་བ། ཁ་བ་བུ་ཡུག་འཚུབ་པ་སོགས་ལ་མ་འཛེམ་པར་རྟག་ཏུ་གྲོང་ཚོར་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་བྱེད་ཀྱི་ཡོད། སོ་ལྟ་ཁང་དུ་ཁོང་ནི་དམག་ཁོངས་སྨན་པ་ཞིག་ཡིན་ལ་འབྲོག་རར་སླེབས་རྗེས་སྨན་པ་རྐང་རྗེན་མ་ཞིག་ཡིན། དེ་གའི་སྡོད་ཁང་རེ་རེ་དང་སྦྲ་གུར་རེ་རེར་ཁོང་གིས་མ་བསྐྱོད་པའི་ས་གཅིག་ཀྱང་མེད། ཞུའེ་ཧྲེང་ཁུའེ་ཡིས་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་མང་ཚོགས་ཀྱི་བདེ་ཐང་སྐོར་དང་འགོག་བཅོས་བྱེད་དགོས་པའི་ནད་གཞི་ཟིན་བྲིས་འདེབས་ཀྱི་ཡོད་པས། མང་ཚོགས་སུ་ལ་ནད་གཞི་ཕོག་པ་དང་སྦྲུམ་མ་སུ་ལ་ཕྲུ་གུ་ག་དུས་སྐྱེ་བ་སོགས་ཚང་མ་གསལ་པོར་ཤེས་ཀྱི་ཡོད་པ་རེད། ཐེངས་ཤིག་ལ། ཞུའེ་ཧྲེང་ཁུའེ་ཡིས་སྐོར་སྐྱོད་སྨན་བཅོས་བྱས་ནས་ལོག་སྐབས་མཚན་གུང་ཡིན་པ་དང་། ཁོང་གིས་གོམས་གཤིས་ལྟར་དགྱེས་རུ་ཤང་གི་མང་ཚོགས་ཀྱི་ནད་གཞི་གསལ་པོར་བཀོད་ཡོད་པའི་སྐོར་སྐྱོད་སྨན་བཅོས་ཀྱི་ཐོ་དེབ་བླངས་ནས་བལྟས་པར་སྦྲུམ་མ་ཞིག་གི་སྐྱེ་ཟླ་ཤར་བ་ཤེས་འཕྲལ་འཕྲོད་བསྟེན་པ་དང་འཐབ་འཛིང་པ་བོས་ཏེ་སྨན་སྒམ་ཁུར་ནས་མྱུར་དུ་དགྱེས་རུ་ཤང་ལ་བསྐྱོད་པ་རེད། ཁོང་ཚོས་གངས་རི་གཉིས་དང་ཆུ་བོ་གཅིག་བརྒལ་མཐར་གཞི་ནས་སྦྲུམ་མ་དེའི་ཁྱིམ་དུ་འབྱོར། སྒོ་ཕྱེ་ནས་ནང་དུ་འཛུལ་སྐབས་སྦྲུམ་མ་གདན་ཐོག་ཏུ་ཟུག་རྔུས་མནར་བ་མཐོང་། ནང་དུ་མི་མང་པོ་ཡོད་ཀྱང་ཚང་མ་ཐབས་ཟད་འུ་ཐུག་ཏུ་གྱུར་ཡོད་པ་རེད། མ་གཞི་སྦྲུམ་མ་སྐྱེ་ཟུག་བརྒྱབ་ནས་ཉིན་གཅིག་འདས་ནའང་ཕྲུ་གུ་སྐྱེ་ཐུབ་མེད་པ་རེད། སྨན་པ་ཞུའེ་ཧྲེང་ཁུའེ་ཡིས་མྱུར་དུ་གམ་ལ་བཅར་ནས་སྦྲུམ་མའི་རྩར་བལྟས་ཤིང་མངལ་གནས་ཕྲུ་གུའི་སྙིང་སྒྲ་ཉན་རྗེས་སྨན་ཞིག་སྟེར་ནས་སྐྱེ་བསུ་བྱེད་འགོ་ཚུགས། ཐོ་རེངས་སྐབས་སུ་ཕྲུ་གུ་བཙའ་ཐུབ་མོད་ངུ་སྐད་རྒྱག་པ་སོགས་ཅི་ཡང་མེད་པས་སྨན་པ་ཞུའེ་ཧྲེང་ཁུའེ་ཡིས་མྱུར་ཏུ་བརྟག་དཔྱད་བྱས་མཐར་ཕྲུ་གུའི་མིད་པ་འགོ་ཆུས་འགག་པ་ཤེས། དེ་འཕྲལ་ཁོང་གིས་འཛེམ་དོགས་ཅི་ཡང་མེད་པར་ཕྲུ་གུའི་མིད་པའི་ནང་གི་འགོ་ཆུ་ཁས་བཞིབས་མཐར་ཕྲུ་གུས་ངུ་སྐད་བརྒྱབ། ཚང་མའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་སོང་། མི་ཚང་མས་སྨན་པ་ཞུའེ་ཧྲེང་ཁུའེ་ནི་དངོས་འབྲེལ་ལྷ་རྗེ་ཞིག་རེད་ཅེས་བསྟོད་བསྔགས་བྱས། སྦྲུམ་མའི་ནང་མི་ཚང་མས་ཞུའེ་ཧྲེང་ཁུའེ་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཕྲུ་གུའི་མིང་ལ་ཡང“བྲག་སྐྱབས”ཞེས་འདོགས་རྒྱུའི་ཐག་བཅད། དེའི་ནང་དོན་ནི་བྲག་སྐོར་ལ་མཐའ་སྲུང་རུ་ཁག་གི་སྨན་པས་བསྐྱབས་པའི་དོན་ཡིན། 
          1977ལོའི་སྟོན་མཇུག་དང་དགུན་སྟོད་དུ། བྲག་སྐོར་ལ་ཁུལ་དུ་གངས་ཆེན་པོ་ཞིག་བབས་ནས་ཐང་བདེ་སར་ཡང་གངས་གསོག་སྨི་གཉིས་ནས་གསུམ་བར་ཐེབས་པས་འབྲོག་པ་མང་པོར་ཆམ་པ་ལྕི་པོ་ཕོག་པ་དང་། ཁ་ཤས་ལ་གངས་ཕྱིད་དང་འཁྱགས་སྦོས་ཀྱང་ཐེབས་སྟབས། ཞུའེ་ཧྲེང་ཁུའེ་ཡིས་ཁ་བ་བུ་ཡུག་ལ་མ་འཛེམ་པར་སྨན་བཅོས་བྱེད་པར་བསྐྱོད། ཁོང་གིས་འབྲོག་དུད་གཉིས་རྟ་སྒོ་འབྲོག་རར་གངས་ལྷགས་ཀྱི་དཀྱིལ་དུ་ལུས་པ་ཤེས་འཕྲལ་གྲོང་ཚོའི་ལས་བྱེད་པའི་ཁ་ཏ་ལ་ཡང་མ་ཉན་པར་དེ་གར་བསྐྱོད། ཁོང་གིས་ས་བབ་མཐོ་ཚད་སྨི་5000ཟིན་པའི་གངས་རི་ཞིག་དང་འཁྱགས་ཀླུང་4བརྒལ་ནས་ཉིན་མཚན་གཉིས་ཕྱིན་མཐར་འཁྱགས་རི་ཞིག་གི་འདབས་ནས་འབྲོག་དུད་དེ་གཉིས་རྙེད། སྐབས་དེར། ཞུས་ཧྲེང་ཁུའེ་ཡི་རྐང་པ་འཁྱགས་སྦོས་ཐེབས་ནས་སྐྲངས་ཡོད་པ་མཐོང་བས་འབྲོག་པ་སེམས་འགུལ་ཆེན་པོ་ཐེབས། དེ་ལྟར་ཁོང་གིས་གངས་འཁྱགས་ཀྱིས་བསྡམས་པའི་འབྲོག་ར་དེར་ཉིན་14འབད་འཐབ་བྱས་པས་ནད་པ་གཞི་ནས་ཉེན་ཁ་ལས་ཐར། 1980ལོའི་ཟླ་བདུན་པར། ཞུའེ་ཧྲེང་ཁུའེ་ཁྲེང་ཏུའུ་དམག་ཁོངས་གསོ་རིག་སློབ་གྲྭ་ནས་ཐོན་རྗེས་སླར་ཡང་བོད་ལྗོངས་ས་མཐོར་ཡོང་། ཁོང་དཔུང་སྡེར་སླེབས་པའི་ཉིན་གཉིས་པ་ནས་བཟུང་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་སྨན་བཅོས་བྱས་པ་རེད། ཁམ་བུ་སྟོད་ཤང་གི་ཐོན་སྐྱེད་རུ་ཁག་གསུམ་པའི་རུ་དཔོན་གཞོན་པ་དཔལ་ལྡན་ལ་ནད་གཞི་ཕོག་ནས་ཉིན་ཁ་ཤས་མལ་ཁྲིར་ལུས་པ་དང་། ཁོང་གི་སེམས་ལ་དྲག་སྐྱེད་ཡོང་བའི་རེ་བ་མི་འདུག་བསམས་ནས་བུ་ཕྲུག་ཚོ་སྐོང་སྟེ་ཁ་ཆེམས་བཞག ཡིན་ནའང་སྨན་པ་ཞུའེ་ཧྲེང་ཁུའེ་སླེབས་ནས་ཉིན་བཅུ་གྲངས་སྨན་བཅོས་བྱས་མཐར་དཔལ་ལྡན་དྲག་སྐྱེད་བྱུང་ཡོད། དེར་བརྟེན་ཁོང་གིས་རྟག་ཏུ“གལ་སྲིད་སྨན་པ་ཞུའེ་ཧྲེང་ཁུའེ་མེད་ན་ང་སྔ་ས་ནས་ཤི་ཚར་བ་རེད”ཅེས་བརྗོད་ཀྱི་ཡོད། 
          ཞུའེ་ཧྲེང་ཁུའེ་བྲག་སྐོར་ལར་ལོ་16བཅའ་སྡོད་བྱེད་རིང་ཁོང་གིས་སྨན་སྒམ་འཁུར་ཞིང་གངས་རི་དང་འཁྱགས་པ་བརྒལ་ཏེ་དུད་ཚང་རེ་རེར་བསྐྱོད་ནས་བོད་རིགས་མང་ཚོགས་ལ་ནད་བཅོས་ནད་འགོག་དང་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་པས་མི་དམངས་མང་ཚོགས་ཚོར་བག་ཆགས་ཟབ་མོ་བཞག བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་བཅུ་གྲངས་ནང་ཁོང་གིས་གཤམ་སྐྱོད་ཐེངས་720ལྷག་ཙམ་དང་རྐང་ཐང་མར་སྤྱི་ལེ་28900ལྷག་ཙམ་བསྐྱོད་དེ་བོད་རིགས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་12.5ལྷག་ཙམ་ལ་སྨན་བཅོས་བྱས་ནས་ནད་ཚབས་ལྕི་བའི་ནད་པ་100ལྷག་ཙམ་མྱུར་སྐྱོབ་བྱས་པ་རེད། ཁོང་གིས་ད་དུང་སྐོར་སྐྱོད་སྨན་བཅོས་ཀྱི་གོ་སྐབས་སྤྱད་དེ་བོད་རིགས་མང་ཚོགས་ཚོར་ནད་འགོག་སྨན་བཅོས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ་ས་གནས་དེ་གའི་སྨན་པ་རྐང་རྗེན་མའི་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་མ་ཟད། ངག་སློབ་དཔེ་སྟོན་གྱི་རྣམ་པའི་ཐོག་ནས་ས་མཐོའི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་འགོག་བཅོས་བྱེད་ཐབས་རེ་རེ་བཞིན་ཁོང་ཚོར་དམར་ཁྲིད་བྱས་ནས་བརྒྱུད་རོགས་ཁྲིད་གསུམ་ཡག་པོ་བྱས་ཡོད།
          ཞུའེ་ཧྲེང་ཁུའེ་ཡིས་ས་བབ་སྨི་5300ལྷག་ཙམ་ཡོད་པའི་བྲག་སྐོར་ལར་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་གནམ་གཤིས་སྐྱོ་བ་སོགས་ལ་མ་འཛེམ་པར་རྩ་ཆེའི་ལང་ཚོ་བོད་ཀྱི་འབྲོག་ཁུལ་གྱི་ནད་བཅོས་སྲོག་སྐྱོབ་ཀྱི་འཐབ་ས་དང་པོར་ཕུལ་བས་དངོས་འབྲེལ་གངས་ལྗོངས་ཀྱི་སྨན་པ་བཟང་པོ་ཞིག་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།