ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཞི་ཨན་གྱི་ཐེངས་འདིའི་རིམས་ནད་ཁྲོད་ད་བར་ནད་པ་342ཐོན་པ།

སྤེལ་དུས 2021-12-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཚེས་25ཉིན་བར། ཞི་ཨན་གྱི་ཐེངས་འདིའི་རིམས་ནད་ཁྲོད་རང་ས་ནས་ཐོན་པའི་ནད་པ་342ཟིན་ཡོད། 
           ཞི་ཨན་གྱི་ཐེངས་འདིའི་རིམས་ནད་དེ་ནད་པ་ཐོན་མང་ཤོས་དུས་ལ་སླེབས་ཡོད་དམ།  དཀྱོག་མཚམས་ག་དུས་ཐོན་རྒྱུ་རེད་ཅེ་ན། ཟླ་12པའི་ཚེས་24ཉིན་གྱི་དགོང་མོ། ཡོན་ཧྲི་ཀྲང་པོ་ལིས་བཅར་འདྲི་དང་ལེན་བྱེད་སྐབས་མིག་སྔར་ད་དུང་རིམས་ནད་ཀྱི་དཀྱོགས་མཚམས་སུ་སླེབས་མེད་པས་འགོག་སྲུང་ནན་པོ་བྱེད་དགོས་ཀྱི་ཡོད། སྤྱིར་བཏང་དཀྱོགས་མཚམས་ག་དུས་སླེབས་མིན་དུས་འཁོར་གཅིག་གམ་ཡང་ན་ཕྱེད་ཀའི་རྗེས་ནས་ལྟ་དགོས།  ཕལ་ཆེར་ཉིན་20ཙམ་ནང་གཞི་ནས་ཐག་ཆོད་སྲིད་ཅེས་བརྗོད་ཡོད། 

           ད་ཐེངས་ཞི་ཨན་དུ་རིམས་ནད་མི་མངོན་པའི་ཐོག་ནས་འགོ་ཁྱབ་ཕྱིན་པའི་ཐད། ཀྲང་པོ་ལི་ཡིས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལྷོད་གཡེང་ཤོར་བ་དང་། ད་ཐེངས་ཞི་ཨན་གྱི་རིམས་ནད་ཁྱབ་སྤེལ་བྱེད་མཁན་གཙོ་བོ་(ཟླ་12ཚེས་15ཉིན)ནད་པ་ཨང་གཉིས་པར་དུས་ཡུན་རིང་པོའི་ནང་ནད་རྟགས་ཐོན་མེད་པས་ཤེས་རྟོགས་བྱུང་འགོར་པོ་ཡོད་པ་དང་། དེའི་འགྲོ་འདུག་བྱ་ཡུལ་གྱི་གཞི་ཁྱོན་ཅུང་ཆེ་བས་མི་མང་པོར་འགོས་པ་རེད་ཅེས་བརྗོད་ཡོད།  བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཟླ་12པའི་ཚེས་15ཉིན་ནད་པ་ཨང་གཉིས་པ་དང་འབྲེལ་བ་ཡོད་པའི་ནད་པ་50ལས་བརྒལ་ཡོད། 
           ཐེངས་འདིའི་ཞི་ཨན་གྱི་རིམས་ནད་དེ་ག་དུས་མཇུག་སྒྲིལ་ཐུབ་པའི་སྐོར་གླེང་སྐབས། ཡོན་ཧྲི་ཀྲང་པོ་ལིས་ཞི་ཨན་གྱི་རིམས་ནད་འགོག་ཐུབ་ངེས་ཡིན།  མིག་སྔར་ད་དུང་འགོག་སྲུང་མཐའ་འཁྱོངས་བྱེད་དགོས་ཞེས་བརྗོད་འདུག 
རྩོམ་སྒྲིག་པ། བདེ་སྒྲོན།