ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཕྲུ་གུ་དམར་འབྱར་དེར་ཏོག་གསར་ནད་དུག་འགོས་མི་འདུག

སྤེལ་དུས 2022-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཟླ་3ཚེས་20ཉིན་གྱི་ཕྱི་དྲོ།  ནན་ཁྲང་དུ་ཏོག་གསར་ནད་དུག་འགོས་པའི་སྦྲུམ་མ་ཞིག་གིས་བདེ་བླག་ངང་ཕྲུ་གུ་བུ་ཞིག་སྐྱེས་པ་དང་།  དེ་ནི་ཅང་ཤིས་ཞིང་ཆེན་གྱིས་ཨའོ་སྨི་ཁེ་རུང་གི་ངོ་འགྱུར་ནད་དུག་BA.2འགོས་པའི་མི་ལ་ལེགས་གྲུབ་ལྡན་པའི་ངང་བུ་བཙའི་གཤགས་བཅོས་བྱེད་ཐེངས་དང་པོ་དེ་རེད།

    མི་རྣམས་ཀྱིས་དོ་ཁུར་བྱེད་པ་ནི་ཏོག་གསར་ནད་དུག་ཨའོ་མི་ཁི་རོང་གི་ནད་དུག་དེ་ ཨ་མ་ནས་ཁོག་པ་ནས་ཕྲུ་གུར་འགོས་ཡོད་མེད་དེ་རེད།  

    གཏམ་བཟང་ནི་ཕྲུ་གུ་དེར་ཐོག་མའི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ནི་སྲིབས་གཤིས་ཏེ། ནད་དུག་དེ་འགོས་མེད་པ་དང་། ཕྲུ་གུ་དེ་ལོགས་དབྱེ་ལྟ་སྐྱོང་ཁང་དུ་བསྐྱལ་ཡོད་པ་རེད།