ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ས་འདིར་འདབ་ཆཊ་ཆམ་རིམས་བྱུང་ནས་བྱ་ཁྲི་50ལྷག་བསད་འདུག

སྤེལ་དུས 2022-04-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            ལྗར་པན་གྱི་ཞིང་ནགས་ཆུ་ཐོན་ལས་ཁུངས་ཀྱིས་སྤྱི་ཟླ་4པའི་ཚེས་16ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། པེ་ཧའེ་ཏའོ་ཡི་བྱ་རིགས་གསོ་སྤེལ་ར་བ་གཉིས་ལ་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་ཀྱི་ནད་ཡམས་ཐོན་ཡོད་པ་དང་། ས་གནས་དེ་གར་བྱ་དེ་ཁྲི་50ལས་བརྒལ་བ་དང་བྱ་བྱེའུ་བརྒྱ་ཕྲག་ཁ་ཤས་གསོད་རྒྱུའི་ཐག་བཅད་ཡོད།
            ཞིང་ནགས་ཆུ་ཐོན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། པེ་ཧའེ་ཏོ་པའེ་ལའོ་ཏིང་གི་བྱ་གསོ་ར་བ་ཞིག་ཏུ་འགོས་ཤུགས་ཆེ་བའི་བྱ་རིགས་ཆམ་ནད་ཀྱི་རིམས་ནད་ཐོན་པ་དང་བྱ་གསོ་ར་བ་དེས་གསོ་ཚགས་བྱས་པའི་བྱ་དེ་ཁྲི་52ཚང་མ་གསོད་རྒྱུ་ཡིན་པ་རེད།
            གཞན་ཡང་། པེ་ཧའེ་ཏོ་དྲ་བ་བརྒྱུད་ནས་གྲོང་ཁྱེར་གྱི་བྱ་རིགས་གསོ་ཚགས་ར་བ་ཞིག་ཏུ་བྱ་རིགས་གསོ་ཚགས་ར་བར་བྱ་རིགས་ཆམ་རིམས་ཀྱི་ནད་དུག་འགོས་ཡོད་པ་དང་གསོ་ཚགས་ར་བ་དེས་གསོས་པའི་བྱ་དེ་100དང་བྱ་རིགས་གཞན་500ཡོངས་རྫོགས་གསོད་རྒྱུ་ཡིན་པ་རེད།
            ལྗར་པན་དུ་ཉེ་ལམ་ས་ཆ་མང་པོར་འདབ་ཆགས་ཀྱི་ཆམ་རིམས་ཐོན་པ་དང་། ཟླ་འདིར་ཆིང་སེན་རྫོང་དུ་འདབ་ཆགས་ཆམ་རིམས་ཐེངས་གཉིས་ཐོན་ནས་སྔ་རྗེས་སུ་བྱ་དེ་ཁྲི་17དང་ཁྲི་11བསད་ཡོད་པ་རེད།