ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

མི་སྒེར་གྱི་རྒན་གསོའི་མ་དངུལ་ལམ་ལུགས་ཐོན་འདུག

སྤེལ་དུས 2022-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          མི་སྒེར་གྱི་རྒན་གསོའི་མ་དངུལ་ལ་རྒན་གསོའི་གཞི་རྟེན་གསུམ་པ་ཞེས་ཀྱང་འབོད། དེ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ཁེ་ལས(ལས་རིགས།)ཀྱི་ལོ་ཕོགས་བཅས་ཀྱིས་རང་རྒྱལ་གྱི་རྒན་གསོའི་འགན་སྲུང་མ་ལག་གི“གཞི་རྟེན་ཆེན་པོ་གསུམ”གྲུབ་ཡོད། ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་མི་སྒེར་གྱི་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཡོངས་བསྒྲགས་བྱས་པ་རེད། མི་གང་དག་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་ལམ་ལུགས་སུ་ཞུགས་ཆོག་གམ། ཇི་ལྟར་ཞུགས་དགོས་སམ། གཤམ་དུ་དེའི་སྐོར་གསལ་བཤད་བྱ།
          ►མི་གང་དག་དེའི་ནང་ཞུགས་ཆོག་གམ།
          ཀྲུང་གོའི་མངའ་ཁོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ངལ་རྩོལ་པ་རྣམས་སྒེར་གྱི་རྒན་གསོའི་མ་དངུལ་ལམ་ལུགས་ནང་ཞུགས་ཆོག
          ►ཇི་ལྟར་ཞུགས་དགོས་སམ།
          མི་སྒེར་གྱི་རྒན་གསོའི་མ་དངུལ་ལ་མི་སྒེར་གྱི་རྩིས་ཐོའི་ལམ་ལུགས་ལག་བསྟར་བྱེད་པ་དང་། གྲོན་དངུལ་ཚང་མ་ཞུགས་མཁན་མི་སྒེར་གྱིས་སྤྲོད་དགོས་པ་དང་། ཡོངས་སུ་གསོག་འཇོག་བྱེད་དགོས། དེའི་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་ཆ་འཕྲིན་དོ་དམ་ཞབས་ཞུའི་སྟེགས་བུ་བརྒྱུད་དེ་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་རྩིས་ཐོ་བཟོ་དགོས།
          མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་མ་དངུལ་རྩིས་ཐོ་ནི་ཞུགས་མཁན་གྱིས་གཏན་འབེབས་དང་མཐུན་པའི་ཚོང་ལས་དངུལ་ཁང་གིས་དམིགས་འཛུགས་བྱེད་པའམ་བཟོ་ཆོག་ལ། གཏན་འབེབས་དང་མཐུན་པའི་དངུལ་རྩའི་ཐོན་རྫས་ཕྱིར་ཚོང་ལས་ཁུངས་གཞན་དག་གིས་དམིགས་འཛུགས་བྱས་ནའང་ཆོག
          ལམ་ལུགས་དེའི་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་མ་དངུལ་རྩིས་ཐོ་གཅིག་པུ་དམིགས་འཛུགས་བྱེད་པའམ་ཡང་ན་བཟོ་ཆོག་ལ། དེ་མི་སྒེར་གྱི་རྒན་གསོའི་གྲོན་དངུལ་འཇལ་བ་དང་། ཡོང་འབབ་གཅིག་སྡུད་བྱེད་པ། མི་སྒེར་གྱི་ཐོབ་ཁྲལ་འཇལ་བ་བཅས་ལ་སྤྱོད་ཆོག་པ་རེད།
          ལམ་ལུགས་དེའི་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་མ་དངུལ་རྩིས་ཐོའི་དངུལ་ཁང་ལ་འགྱུར་ལྡོག་གཏོང་སྐབས། ཆ་འཕྲིན་ལས་སྟེགས་ཀྱིས་ཞིབ་བཤེར་བྱས་རྗེས་དེ་སྔའི་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་མ་དངུལ་རྩིས་ཐོའི་ནང་གི་མ་དངུལ་དེ་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་མ་དངུལ་རྩིས་ཐོ་གསར་པར་སྤོས་ནས། དེ་སྔའི་མ་དངུལ་རྩིས་ཐོ་གསུབ་ཆོག
          ►དངུལ་ག་ཚོད་སྤྲོད་དགོས་སམ།
          ལམ་ལུགས་ནང་ཞུགས་མཁན་གྱིས་ལོ་ལྟར་མི་སྒེར་གྱི་རྒན་གསོའི་མ་དངུལ་འཇལ་བའི་ཚད་གཞི་མཐོ་ཤོས་ནི་སྒོར12000ཡིན།
          ►མ་རྩ་ཇི་ལྟར་འཇོག་དགོས།
         ལམ་ལུགས་དེའི་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རྒན་གསོའི་མ་དངུལ་སྤྲད་ནས་གཏན་འབེབས་དང་མཐུན་པའི་དངུལ་རྩའི་ལས་ཁུངས་སམ་ཡང་ན་དེས་བཅའ་ཁྲིམས་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་མངགས་བཅོལ་བྱས་པའི་བྲིན་འཚོང་ཐབས་ལམ་བརྒྱུད་དེ་དངུལ་རྩའི་ཐོན་རྫས་ཉོ་སྒྲུབ་བྱ་ཆོག་ལ། དེ་དང་བབ་མཚུངས་ཀྱི་ཉེན་ཁའི་འགན་ཡང་འཁུར་དགོས།
         མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་རྩིས་ཐོའི་མ་དངུལ་དེ་གཏན་འབེབས་དང་མཐུན་པའི་དངུལ་ཁང་གི་རྒྱུ་ནོར་གཉེར་སྐྱོང་དང་། གསོག་འཇོག ཚོང་ལས་ཀྱི་རྒན་གསོ་འགན་བཅོལ། ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་སོགས་གཉེར་སྐྱོང་བདེ་འཇགས་ཡིན་ལ། གནད་སྨིན་བརྟན་པོ་ཡིན་པ། དམིགས་བྱ་ཚད་ལྡན་ཡིན་པ། ཡུན་རིང་རིན་ཐང་བརྟན་པོ་ཡོང་བར་སྣང་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་མ་རྩ་འཇོག་མཁན་མི་འདྲ་བ་མང་པོ་དགའ་མོས་ཡོད་པའི་དངུལ་རྩའི་ཐོན་རྫས་ཉོ་རྒྱུར་སྤྱོད་རྒྱུ་ཡིན་ཞིང་། དེའི་ནང་ཞུགས་མཁན་གྱིས་རང་མོས་ངང་གདམ་ག་བྱ་ཆོག་པ་རེད།
          ►དངུལ་ཇི་ལྟར་ལེན་དགོས།
          ལམ་ལུགས་དེའི་ནང་ཞུགས་མཁན་གྱིས་གཞི་རྩའི་རྒན་གསོའི་མ་དངུལ་ལེན་པའི་ལོ་ཚད་ལོན་པ་དང་། ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བ། ཕྱི་རྒྱལ(མཐའ་མཚམས་ལས་བརྒལ་བ།)དུ་གཞིས་ཆགས་པའམ་ཡང་ན་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་གནས་ཚུལ་གཞན་དག་ཡོད་ཚེ། ཆ་འཕྲིན་ལས་སྟེགས་ཀྱིས་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆ་རྐྱེན་འཛོམས་རྗེས། ཟླ་རེ་བཞིན་དང་ཐེངས་དུ་མར་བགོ་བའམ་ཡང་ན་ཐེངས་གཅིག་གི་སྒོ་ནས་མི་སྒེར་གྱི་རྒན་གསོའི་མ་དངུལ་བླངས་ཆོག་ཅིང་། དངུལ་ལེན་སྟངས་གཏན་འཁེལ་བྱས་རྗེས་འགྱུར་བ་བཏང་མི་ཆོག དངུལ་ལེན་སྐབས་མི་སྒེར་གྱི་རྒན་གསོའི་མ་དངུལ་དེ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཐོ་ནས་མི་སྒེར་གྱི་སྤྱི་ཚོགས་འགན་སྲུང་གཱའི་དངུལ་ཁང་གི་རྩིས་ཐོར་སྤོ་དགོས།
          མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་རྩིས་ཐོ་ལ་བཀག་སྡོམ་འཁོར་སྐྱོད་བྱ་རྒྱུ་དང་། དེའི་ཁེ་དབང་ནི་དེའི་ནང་ཞུགས་མཁན་ལ་དབང་བ་དང་། གཏན་འབེབས་གཞན་དག་ཡོད་པ་ཕུད་དུས་བཀག་གི་སྔོན་དུ་སྤྲོད་ལེན་བྱ་མི་ཆོག
          ལམ་ལུགས་དེའི་ནང་ཞུགས་མཁན་ཚེ་ལས་འདས་རྗེས། དེའི་མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་རྩིས་ཐོའི་ནང་གི་རྒྱུ་ནོར་ཤུལ་འཛིན་བྱ་ཆོག