ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཁ་སང་མཚོ་སྔོན་ཟི་ལིང་དུ་ཏོག་གསར་གདགས་གཤིས་ཅན5ཇེ་མང་དུ་སོང་།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད18དང་སྐར་མ53སྟེང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་སྤེལ་ནས། ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད15དང་སྐར་མ55སྟེང་། ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ནད་དུག་གདགས་གཤིས་ཅན5ཇེ་མང་དུ་སོང་།
           གདགས་གཤིས་ཅན་ཨང23པ། མོ། ལོ18། གདགས་གཤིས་ཅན་ཨང12པའི་བུ་མོ་ཡིན་པ་དང་། ཧོང་ཀྲུང་ཁུལ་གྱི་གཙོ་གནད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། 
           གདགས་གཤིས་ཅན་ཨང24པ། མོ། ལོ39། མཁར་ནུབ་ཁུལ་གྱི་གཙོ་གནད་གཅིག་བསྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། 
           གདགས་གཤིས་ཅན་ཨང25པ། ཕོ། ལོ82། གདགས་གཤིས་ཅན་ཨང2པའི་ཁྱོ་ག་ཡིན་པ་དང་། མཁར་ནུབ་ཁུལ་གྱི་གཙོ་གནད་གཅིག་བསྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། 
           གདགས་གཤིས་ཅན་ཨང26པ། མོ། ལོ54། གདགས་གཤིས་ཅན་ཨང8པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་ཡིན་པ་དང་།  མཁར་ནུབ་ཁུལ་གྱི་གཙོ་གནད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། 
           གདགས་གཤིས་ཅན་ཨང27པ། མོ། ལོ14། གདགས་གཤིས་ཅན་ཨང26པའི་བུ་མོ་ཡིན་པ་དང་། མཁར་ནུབ་ཁུལ་གྱི་གཙོ་གནད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད། 
           མིག་སྔར། གོང་གསལ་གྱི་ནད་པ་དག་གནས་གཏན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་རིམས་ནད་ཁུངས་འདེད་སོགས་འབྲེལ་ཡོད་བྱ་བ་རྣམས་སྒྲུབ་བཞིན་ཡོད། 
           ཟླ་འདིའི་ཚེས6ཉིན་ནས་ད་ལྟའི་བར་ཟི་ལིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ནད་རྟགས་མེད་པའི་ནད་པ1དང་། སྨན་བཅོས་ཆེད་མཁས་ཚོ་ཆུང་གིས་རིགས་དབྱེ་མེད་པའི་གདགས་གཤིས་ཅན་གྱི་ནད་པ26སྙན་སེང་ཞུས་འདུག
རྩོམ་སྒྲིག་པ། བདེ་སྒྲོན།