ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

མཚོ་སྔོན་དུ་ཏོག་གསར་ནད་དུག་འགོས་མཁན་མི་1225ཟིན།

སྤེལ་དུས 2022-11-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ལོ་2022ལོའི་ཟླ་11པའི་ཚེས་5ཉིན་གྱི་ཆུ་ཚོད་0ནས་24ཡི་བར། མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་ནད་དུག་འགོས་ནས་ནད་ངོ་ཆོད་པའི་རང་སའི་ནད་པ་5(ཟི་ལིང་གྲོང་ཁྱེར་དུ་ནད་པ་5)མང་དུ་ཕྱིན་པ་དང་། སྨན་ཁང་ནས་ནད་པ་3དྲག་སྐྱེད་བྱུང་ནས་ཐོན་པ། གནས་གཏན་འཁེལ་གྱི་སྨན་ཁང་ནང་ལོགས་དབྱེ་སྨན་བཅོས་བྱེད་བཞིན་པའི་ནད་པ་30བཅས་ཡོད་པ་རེད། ཏོག་གསར་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་100(ཟི་ལིང་གྲོང་ཁྱེར་དུ་50དང་། མཚོ་ཤར་གྲོང་ཁྱེར་དུ་6  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་4  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་5  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་35) ཡོད་པ་དང་།  གསོ་རིག་གི་ལོགས་དབྱེ་བརྟག་དཔྱད་མཇུག་སྒྲིལ་བའི་མི་6དང་། ད་དུང་གསོ་རིག་གི་ལོགས་དབྱེ་བརྟག་དཔྱད་བྱེད་བཞིན་པའི་མི་1195ཡོད་པ་རེད། སྤྱི་ཟླ་11པའི་ཚེས་5ཉིན་གྱི་ཆུ་ཚོད་24ཡི་བར། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཏོག་གསར་ནད་དུག་འགོས་ནས་ནད་ངོ་ཆོད་པའི་ནད་པ་30དང་། ཏོག་གསར་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་1195ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།