ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ལྗོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་དམའ་རུ་བཏང་བ།

སྤེལ་དུས 2021-09-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་8ཚེས་27ཉིན། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་དུ《ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
          《བརྡ་ཐོའི》ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་ཚད་ལྡན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་མ་གནས་དམའ་རུ་གཏོང་བ། མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱ་ཆེད།བོད་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་ལེགས་སྒྲིག་བྱེད་པའི་གཏན་འབེབས་བྱས་ཡོད།
          ལེགས་སྒྲིག་ཞིབ་ཕྲ་གཤམ་གསལ་ཏེ། “250403066ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད”ཀྱི་ཞབས་ཞུའི་རྣམ་གྲངས་ཀྱི་འགྲོ་གྲོན་རིམ་པ་གསུམ་པའི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་མི་རེར་སྒོར་80དང་རིམ་པ་གཉིས་པ་དང་དེ་བཞིན་རིམ་པ་གཉིས་པ་མན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་མི་རེར་སྒོར་72ནས་གཅིག་གྱུར་མི་རེར་སྒོར་60(དེའི་ནང་བརྟག་དཔྱད་ཚོད་ལྟའི་སྨན་རྫས་ཚུད་པ)བར་ལེགས་སྒྲིག་བྱེད་རྒྱུ་དང་། “250403066bཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད(10བསྲེས་1)”ཀྱི་ཞབས་ཞུའི་རྣམ་གྲངས་ཀྱི་འགྲོ་གྲོན་མི་རེར་སྒོར་15(ཚོད་ལྟའི་སྨན་རྫས་ཚུད་པ)བར་ལེགས་སྒྲིག་བྱེད་རྒྱུ་རེད། 《བརྡ་ཐོའི》ནང་། གོང་གསལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲོ་གྲོན་མཛུབ་ཁྲིད་འགྲོ་གྲོན་མཐོ་ཤོས་ཡིན་པ་དང་། སྨན་བཅོས་སྒྲིག་གཞི་ཁག་གིས་འགྲོ་གྲོན་དམའ་རུ་གཏོང་བར་ཚོད་འཛིན་མི་བྱེད་པ། འབྲེལ་ཡོད་སྨན་བཅོས་ཞབས་ཞུའི་རྣམ་གྲངས་སྤེལ་བར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་སོགས་ཀྱི་འགྲོ་གྲོན་གཞན་དག་ལོགས་སུ་བསྡུ་མི་ཆོག་པའི་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།