ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བདེ་ཐང་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་སྐོར་ལ་གསར་འགོད་པས་་་

སྤེལ་དུས 2022-09-27 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་གནད་དོན་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། ཉེ་ཆར་གསར་འགོད་པ་ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གི་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་དུ་བསྐྱོད་ནས། བཤེར་རྟགས་ཀྱི་ཚོས་གཞི་གཏན་འཁེལ་དང་སྒྱུར་བ་སོགས་ཀྱི་ནང་དོན་སྐོར་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན། 
  བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་ལས་དོན་གཙོ་བོ་སྡེ་ཁུལ་ཁག་དང་། ལོགས་དགར་འཇོག་ཡུལ་གསོལ་མགྲོན་ཁང་། སྒྲོམ་ཚང་སྨན་ཁང་བཅས་ཀྱིས་མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་གཅིག་གྱུར་བསྡུས་རྗེས་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་རྒྱུ་རྐྱེན། མིག་སྔའི་གནས་ཚུལ་སོགས་ཀྱི་ནང་དོན་ལས་གྲུབ་པའི་རེའུ་མིག་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གི་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་ལ་བསྐུར་གྱི་ཡོད། 

  ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་གི་ལས་དོན་པ། ཀའོ་ཝེས། 
  ཁེར་སྦུག་ཁེར་བཤེར་གྱི་འབྲས་བུ་གདགས་གཤིས་ཡིན་པའི་རིགས་ལ་གདགས་གཤིས་ཀྱི་བཤེར་རྟགས་ཚོས་གཞི་མངོན་གྱི་ཡོད་ཅིང་། ཡང་བསྐྱར་བཤེར་རྗེས། ཉིང་སྐྱུར་བརྟག་དཔྱད་སྒྲིག་གཞི་ཡིས། ཀྲུང་གོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་བའི་ཆ་འཕྲིན་མ་ལག་བཀོལ་སྤྱོད་ཀྱི་དྲ་སྒོར་སྐུར་གྱི་ཡོད་པས། དྲ་སྒོ་འདི་ནས་སྒྱུར་གྱི་ཡོད། ད་དུང་གཞན་ཞིག་ནི་ཐད་འབྲེལ་བའི་བཤེར་རྟགས་ཀྱི་ཚོས་གཞི་རིམས་དཔྱད་ཆེད་སྒྲུབ་ཚོགས་ཆུང་གིས་སྒྱུར་གྱི་ཡོད་ཅིང་། ཚོས་གཞི་བསྒྱུར་རྗེས། གཅིག་སྡུད་ལོགས་དགར་ཉིན་5བྱེད་དགོས་པ་དང་ཡང་བསྐྱར་ཁྱིམ་སྡོད་ལོགས་དགར་ཉིན་5བྱས་རྗེས། བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་རེ་འདུན་ཞུ་ཆོག་གི་ཡོད། དེ་མིན་བརྒྱུད་འབྲེལ་བའི་བཤེར་རྟགས་ཀྱི་ཚོས་གཞི་ཡང་རིམས་དཔྱད་ཆེད་སྒྲུབ་ཚོགས་ཆུང་གིས་སྒྱུར་གྱི་ཡོད་ཅིང་། བཤེར་རྟགས་ཀྱི་ཚོས་གཞི་སེར་པོ་མངོན་མཁན་གྱིས་ཉིན་5སྒུག་དགོས་ཀྱི་ཡོད། ཉིན་5ཡི་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་3བྱས་རྗེས་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་རེ་འདུན་ཞུ་ཆོག་གི་ཡོད་ཅེས་བརྗོད་།
  བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་བརྒྱུད་རིམ་རྙོག་དྲ་ཅུང་ཆེ་བས། ལས་དོན་པས་ངེས་པར་དུ་རིམ་པ་བཞིན་གོང་རིམ་ལ་སྙན་སེང་ཞུས་རྗེས། གཞི་ནས་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
  ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་གི་ལས་དོན་པ། ཀའོ་ཝེས། 
  བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་དགོས་མཁན་གྱིས་སྡེ་ཁུལ་ལ་གོང་ཞུ་བྱེད་དགོས་པ་དང་། གོང་ཞུ་བྱས་རྗེས་སྡེ་ཁུལ་གྱིས་མི་སྒེར་གྱི་ཆ་འཕྲིན་གཅིག་གྱུར་བསྡུས་ནས། རྫོང་དང་ཆུས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་ལ་གོང་ཞུ་བྱེད་དགོས། རྫོང་དང་ཆུས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་ལ་གཅིག་གྱུར་སྐྱེལ་དགོས་པ་དང་། དེ་རྗེས་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་ངམ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ལ་གཅིག་གྱུར་གོང་ཞུ་བྱས་ཏེ་ཆ་འཕྲིན་འཐུས་སྒོ་ཚང་དུ་གཏོང་དགོས། དེ་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་སླར་ཡང་རྒྱལ་ཁབ་ཀྱི་ལས་སྟེགས་ལ་གོང་ཞུ་བྱེད་དགོས་པ་དང་། རྒྱལ་ཁབ་ལས་སྟེགས་ཀྱིས་ཆ་འཕྲིན་བསྡུ་ལེན་བྱས་རྗེས་གཞི་ནས་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་རེ་འདུན་ང་ཚོས་ཞུ་ཆོག་གི་ཡོད་ཅེས་བརྗོད། 

  ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གིས་ཐད་ཀར་ཐག་གཅོད་ཐུབ་རིགས་གཙོ་བོ་ནི་ཐད་འབྲེལ་བ་དང་བརྒྱུད་འབྲེལ་བའི་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་དགོས་པ་དེ་རེད། གདགས་གཤིས་ཀྱི་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་མཁན་གྱི་ཆ་འཕྲིན་བརྟག་དཔྱད་སྒྲིག་གཞིའམ་ཡང་ན་སྒྲོམ་ཚང་སྨན་ཁང་གིས་རྒྱལ་ཁབ་ཀྱི་ལས་སྟེགས་སུ་སྐུར་གྱི་ཡོད། དེར་བརྟེན་མི་སྣ་དེ་རིགས་གཞན་དག་ལས་དུས་ཡུན་ཅུང་རིང་བ་སྒུག་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
  ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་གི་ལས་དོན་པ། བཟང་པོས། 
  རྒྱལ་ཁབ་ཀྱི་ལས་སྟེགས་བརྒྱུད་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་གནས་ཚུལ་སྡེ་ཚན་ཧ་ཅང་མང་པོ་དང་། ཐ་ན་ཞིང་ཆེན་དང་ས་ཁུལ་བརྒྱུད་དགོས་ཀྱི་ཡོད་པས་དུས་ཚོད་ངེས་ཅན་དགོས་ཀྱི་ཡོད་ཅེས་བརྗོད། 
  གོ་རིམ་གྱི་ཞིབ་མཆན་སྒུག་དགོས་པ་ཕུད། ད་དུང་མང་ཚོགས་ཁག་གཅིག་གི་ཐོབ་ཐང་ཆ་འཕྲིན་ནོར་བས་བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་ཐུབ་ཀྱི་མེད། བཤེར་རྟགས་ཀྱི་ཚོས་གཞི་སྒྱུར་བའི་བརྒྱུད་རིམ་ནང་ལས་དོན་པས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཡང་དག་བརྒྱུད། གཞི་ནས་མི་སྒེར་གྱིས་ཉེ་དུས་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་འཚོལ་ཐུབ་ཀྱི་ཡོད་པ་དང་དེ་ལ་བརྟེན་ནས་བཤེར་རྟགས་སྒྱུར་མིན་གཏན་འཁེལ་བྱེད་ཐུབ་ཅེས་ངོ་སྤྲོད་བྱས། 
  དྲན་སྐུལ་གལ་ཆེན།
  བཤེར་རྟགས་སྒྱུར་མཁན་ཚོགས་ཆུང་གི་ལས་དོན་པས། ད་དུང་གལ་ཏེ་ཁྱེད་ཀྱི་བདེ་ཐང་བཤེར་རྟགས་དམར་པོར་གྱུར་ཚེ། རྩ་གཉིས་ཨང་རྟགས་མནན་ནས། ཨང་རྟགས་དམར་པོར་གྱུར་དོན་ལྟ་ཆོག་གི་ཡོད། གལ་སྲིད་རྒྱལ་ཁབ་ཀྱིས་བརྒྱུད་སྐྱེལ་བྱས་པའི་འབྲེལ་ཡོད་གྲངས་གཞི་གཞིར་བཟུང་ཞེས་པའི་དྲན་སྐུལ་དེ་རིགས་ཐོན་ན། ཁྱེད་ཉིད་རྒྱལ་ཁབ་ཀྱི་ལས་སྟེགས་བརྒྱུད་ཨང་རྟགས་གཏན་འཁེལ་གྱི་མི་སྣའི་ཁོངས་སུ་གཏོགས་པས། ད་དུང་ངང་རྒྱུད་རིང་པོས་ཨང་རྟགས་སྒྱུར་བའི་འབྲས་བུ་སྒུག་དགོས་ཅེས་དྲན་སྐུལ་བྱས་འདུག  
རྩོམ་སྒྲིག་པ། བདེ་སྒྲོན།