ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་ཐད་ཀྱི་བྱེད་ནུས་འདི་ཤར་གཏོང་བྱས་འདུག

སྤེལ་དུས 2022-10-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པར་སྨན་བཅོས་འགན་སྲུང་བྱ་བ་དྲ་སྟེང་ནས་སྒྲུབ་པ་དང་། ལག་ཁྱེར་ཁ་པར་སྟེང་ནས་སྒྲུབ་པ། ལས་ཡུལ་དུ་འགྲོ་མི་དགོས་པར་སྒྲུབ་ཆོག་པ་སོགས་ཀྱི་ཁྱད་ཆོས་ཁྱབ་གདལ་དུ་བཏང་སྟེ། ལས་བཟོའི་སྨན་བཅོས་འགན་སྲུང་གི་མ་དངུལ་ཁྱིམ་ཚང་གི་མཉམ་དུ་སྤྱོད་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱ་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྱིམ་ཚང་མཉམ་སྤྱོད་རྩིས་ཐོ་ལས2023ལོའི་གྲོང་ཁྱེར་དང་ཞིང་སྡེའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་གྲོན་དངུལ་ཚབ་སྤྲོད་བྱེད་པའི་ནུས་པ་ཤར་གཏོང་བྱས་ནས་སྤྱོད་མགོ་ཚུགས་པ་རེད། 
  མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་སྒོ་བསྟེན་མཉམ་སྤྱོད་ཀྱི་འགན་སྲུང་ལམ་ལུགས་བཙུགས་པ་ནས་བཟུང་། ཁྱིམ་ཚང་གི་མཉམ་སྤྱོད་རྩིས་ཐོ་དེས་འགན་སྲུང་ནང་ཞུགས་མཁན་རང་ཉིད་དང་བཟའ་ཟླ།  ཕ་མ། བུ་ཕྲུག་བཅས་ཀྱིས་གནས་གཏན་འཁེལ་གྱི་སྨན་ཁང་ལས་སྨན་པར་བསྟེན་པ་དང་། གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་དུ་སྨན་དང་སྨན་བཅོས་ཡོ་བྱད། སྨན་བཅོས་བྱེད་པ་སོགས་ནས་བྱུང་བའི་མི་སྒེར་གྱི་འགྲོ་སོང་འཁུར་བའི་འགྲོ་གྲོན་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། རང་ཞིང་དུ་ཁྱིམ་ཚང་མཉམ་སྤྱོད་རྩིས་ཐོ་ལས2023ལོའི་གྲོང་ཁྱེར་དང་ཞིང་སྡེའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་གྲོན་དངུལ་ཚབ་སྤྲོད་བྱེད་པའི་ནུས་པ་ཤར་གཏོང་བྱུང་བ་དང་། སྒོ་བསྟེན་སྨན་ཁང་གི་མཉམ་སྤྱོད་འགན་སྲུམ་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། འགན་སྲུང་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་སོང་ཇེ་ཉུང་དུ་བཏང་། 
  བྱེ་བྲག་གི་བཀོལ་སྤྱོད་བྱེད་སྟངས་ནི། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གིAppཐོ་འགོད→ཞབས་ཞུ།→སྨན་བཅོས་འགན་སྲུང་ཁྱིམ་ཚང་མཉམ་སྤྱོད→ཁྱིམ་ཚང་མཉམ་སྤྱོད་དོ་དམ→གྲོང་མིའི་འགན་སྲུང་གྲོན་དངུལ་ཚབ་སྤྲོད→གྲོན་བསྡུའི་ལོ་འཁོར2023→ཚབ་སྤྲོད།(ཚབ་སྤྲོད་བྱེད་དགོས་པའི་མི་སྣ།)→ ཚབ་སྤྲོད་གཏན་འཁེལ་སོགས་ཀྱི་འགྲོ་ལུགས་བརྒྱུད་ནས་གྲོན་དངུལ་ཚབ་སྤྲོད་བྱ་ཆོག
  མཉམ་འཇོག་བྱེད་དགོས་པ་ཞིག་ལ། ཚབ་སྤྲོད་མ་བྱས་གོང་དུ་མཉམ་སྤྱོད་རྩིས་ཐོའི་ལྷག་དངུལ་གྱིས་འདང་མིན་ལ་ཞིབ་ལྟ་བྱེད་དགོས་པ་དང་།  2023ལོར་གྲོང་ཁྱེར་དང་ཞིང་སྡེའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ལ་མི་རེར་སྒོར350ཡིན་པ་རེད། །