ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པར་ཆོག་མཆན་བཀོད་པ།

སྤེལ་དུས 2022-11-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ་དང་།  འདི་ནི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་ལ་ཆོག་མཆན་ཐོབ་རྗེས། རང་ཞིང་གིས་འཆར་འགོད་བྱས་པའི་རྒྱལ་ཁབ་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་གཉིས་པ་ཡིན། རྣམ་གྲངས་འདི་གཉིས་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་མངའ་ཁོངས་སུ་རྒྱལ་ཁབ་རིམ་པའི་ཀྲུང་ཕྱི་སྨན་བཅོས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་ཁྱབ་ཚུལ་དོ་མཉམ། མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ། 
  རྒྱལ་ཁབ་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་བཙུགས་པ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་གླིང་གིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཁྱབ་གདལ་དུ་གཏོང་བའི་ཐབས་ཇུས་གལ་ཆེན་ཡིན་པ་དང་། ནད་པ་མངའ་ཁོངས་བརྒལ་ནས་སྨན་བཅོས་བྱེད་དུ་འགྲོ་བའི་ཚུལ་ཇེ་ཉུང་དུ་བཏང་ནས། མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་དམངས་འཚོའི་བཟོ་འགོད་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་ནས་རྒྱལ་ཁབ་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་མཚོ་སྔོན་དུ་འཛུགས་ཆེད། ད་ལོར་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཁྱབ་གདལ་དུ་གཏོང་བའི་བསྐལ་བཟང་འདིར་བརྩོན་ལེན་བྱས་པ་དང་།  རྒྱུན་ཆད་མེད་པར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་དང་འབྲེལ་གཏུགས་བྱས་མཐར།  རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཕྲོན་བསྟེན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་ཉེ་ལམ་བརྡ་ཐོ་བཏང་སྟེ།  རང་ཞིང་དུ་རྒྱལ་ཁབ་ཀྲུང་ལུགས་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུར་ཆོག་མཆན་བཀོད།  
  ཐེངས་འདིར་མཉམ་འབྲེལ་བྱས་ཏེ་འཛུགས་པའི་རྒྱལ་ཁབ་ཀྲུང་ལུགས་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སུ། ཐེན་ཅིང་ཀྲུང་ལུགས་གསོ་རིགས་སློབ་ཆེན་ཀྱི་ཁོངས་གཏོགས་སྨན་ཁང་དང་པོའི་སྔོན་ཐོན་ལག་རྩལ་དང་དོ་དམ་རྣམ་པ། ཤེས་ལྡན་མི་སྣའི་དཔུང་སྡེ་སོགས་ནང་འདྲེན་བྱས་ཏེ།  ཁྱོན་ཡོངས་ནས་རང་ཞིང་གི་ཀྲུང་ལུགས་སྨན་བཅོས་ཀྱི་སྟོབས་ཤུགས་དང་དཀྱིལ་སྙིང་གི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། འཐུས་སྒོ་ཚང་ཞིང་སྨན་བཅོས་ཀྱི་གོ་རིམ་སྟབས་བདེ་ཡིན་པའི་མཐོ་སྒང་གི་ཀྲུང་ལུགས་སྨན་བཅོས་ཀྱི་མཐོ་ས་གསར་སྐྲུན་བྱེད་པ་བརྒྱུད། མཚོ་སྔོན་དང་ཉེ་འཁོར་གྱི་ས་གནས་དག་གི་ཀྲུང་ལུགས་སྨན་བཅོས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱ་རྒྱུ་རེད།   །  
རྩོམ་སྒྲིག་པ། བདེ་སྒྲོན།