ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

མཚོ་སྔོན་ཞིང་ཆེན་གྱི2021ལོའི་ཀྲུང་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་བྱ་འགུལ་སྤེལ།

སྤེལ་དུས 2021-07-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ7པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ལི་ཏུའུ་ཆུས་སུ་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི2021ལོའི་ཀྲུང་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་བྱ་འགུལ་གྱི་ཧོང་ཀྲུང་ཀྲུང་བོད་ལུགས་གསོ་རིག་རིག་གནས་བྱ་འགུལ་དང་།ཆི་ཧོང་སྨན་ཁབ་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཐེངས་འདིའི་བྱ་འགུལ་གྱིས“ཀྲུང་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་སྤུས་ཚད་མཐོར་འདེགས་སུ་གཏོང་བ”བརྗོད་དོན་དུ་བྱས་ཤིང་། དམིགས་ཡུལ་ནི་ཀྲུང་ལུགས་བོད་ལུགས་གསོ་རིག་རིག་གནས་ཀྱི་ཉིང་བཅུད་དྲིལ་སྒྲོག་དང་། ཀྲུང་བོད་ལུགས་གསོ་རིག་ཀྱི་བདེ་ཐང་འདུ་ཤེས་ཁྱབ་གདལ་དུ་གཏོང་བ། དེ་མིན་ཀྲུང་བོད་ལུགས་གསོ་རིག་སྐྱོན་བྲལ་ཞབས་ཞུ་རྒྱུན་བསྲིང་ཐད་རྨང་གཞི་ངེས་ཅན་ཞིག་བཏིང་བ་དང་། ཀྲུང་བོད་ལུགས་གསོ་རིག་གིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཁྱད་ལྡན་གྱི་བྱེད་ནུས་འདོན་སྤེལ་བྱེད་པ་དེ་ཡིན། 
          ཐེངས་འདིའི་བྱ་འགུལ་ཁྲོད་ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར། དེ་མིན་རྫོང་དང་ཆུས་ཀྱི་ཀྲུང་ལུགས་སྨན་ཁང་། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་། ཞིང་ཆེན་ནང་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་དང་། ཁེ་ལས་འཐུས་ཚབ་པ། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་ལུང་ཧྲ་ལིག་ཆེད་མངགས་ཆེད་མཁས་པ་སྐོར་ཞིག་གདན་དྲངས་ནས། ཀྲུང་ལུགས་སྨན་ཆུ་འགྲེམ་སྟོན་དང་། ཀྲུང་བོད་ལུགས་གསོ་རིག་ལག་རྩལ་མྱོང་རོལ། ཀྲུང་ལུགས་སྨན་རྫས་ཁམས་གསོའི་བཏུང་ཆུ་མྱོང་རོལ། བདེ་ཐང་སྨན་སྟེར་བ། དྲིལ་སྒྲོག་འགྲེམ་བྱང་སོགས་ཀྱི་རྣམ་པས་ཀྲུང་ལུགས་སྨན་རྫས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། ཡུལ་དངོས་མང་ཚོགས་ཀྱིས་ཀྲུང་ལུགས་སྨན་རྫས་ཀྱི་བདེ་ཐང་ཁམས་གསོའི་ཤེས་བྱར་རྒྱུས་ལོན་བྱེད་དུ་བཅུག 
རྩོམ་སྒྲིག་པ། བདེ་སྒྲོལ།