དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཐག་ཐུང་སྐྱེལ་འདྲེན་མེ་འཁོར་ཏང་གི་ལོ་རྒྱུས་སློབ་ཁྲིད་ཁང་ལ་གྱུར་པ།

སྤེལ་དུས 2021-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          “ཚང་མས‘ལྔ་བཞིའི’ལས་འགུལ་ཤེས་ཀྱི་ཡོད་ཤག་རེད། ག་དུས་ལངས་པ་རེད་དམ”ཤར་མཚོ་གླིང་ཕྲན་ནས་རྡོག་ཐོན་བྱེད་མཁན་ཐག་ཐུང་སྐྱེལ་འདྲེན་མེ་འཁོར་ཐོག་ཀོང་ཏུང་ཧྲེན་ཅང་མཚོ་དོན་ཅུས་ཤར་མཚོ་གླིང་ཕྲན་མཚོ་དོན་ཁྲུའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཡུན་གྱིས་དྲིས།
          རྒྱ་ཆེན་པོ་མེད་པའི་འཁོར་སྒྲོམ་དེ་སློབ་ཁྲིད་ཁང་དུ་གྱུར་བ་དང་ལི་ཡུན་གྱིས་འགྲེལ་བཤད་ཞིབ་ཚགས་རྒྱག་བཞིན་ཡོད་པ་རེད།
          “‘ལྔ་བཞིའི’ལས་འགུལ་ལངས་ནས་ལོ་བརྒྱ་སོང་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་བུ་ཕྲུག་གི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་གནས་ཚུལ་གསལ་པོ་རྟོགས་བྱུང”ཞེས་སློབ་ཚན་ཉན་རྗེས་སློབ་མ་ཅིན་ཀྲེན་ལིན་གྱིས་སློབ་སྦྱོང་གི་མྱོང་ཚོར་བརྗོད་བྱུང་།
          ཚང་མས་མྱོང་ཚོར་ཧུར་ཐག་གླེང་བས་སློབ་སྦྱོང་གི་རྣམ་པ་འཁྲུག་ཏུ་སོང་། སྐར་མ་60ཡི་ལམ་ཐག་འཁྱུག་ཙམ་ཞིག་ལ་རྫོགས་ནས་གཞུང་ལས་གནས་སུ་འབྱོར་བ་དང་། ཏང་ཡོན་ལས་བྱེད་པ་ཚོས་སྙིང་སྟོབས་རབ་འཕེལ་ངང་ཉིན་གསར་པའི་ལས་ཀ་འགོ་ཚུགས་པ་དང་སློབ་སྦྱོང་གི་ནང་དོན་ལག་ལེན་དུ་འཁྱོལ་བ་བྱས།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གླིང་ཕྲན་མཚོ་དོན་ཁྲུའི་གཞུང་ལས་བྱ་ཡུལ་དེ་གྲོང་ཁུལ་གྱི་ཐག་ཐུང་སྐྱེལ་འདྲེན་མེ་འཁོར་གཏོང་ས་དང་བར་ཐག་སྤྱི་ལེ་50ཡོད་པ་དང་ལམ་བར་ལ་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། དུས་ཚོད་གང་ལེགས་སྤྱོད་ཆེད། ཁྲུའུ་དེས་ཐག་ཐུང་སྐྱེལ་འདྲེན་མེ་འཁོར་དེ་ཏང་གི་སློབ་ཁྲིད་ཁང་དུ་བྱས་ནས་མི་སྣ་བཀོད་སྒྲིག་བྱས་ཏེ་སློབ་ཚན་ཁྲིད་པ་དང་འབྲེལ་སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། ཏང་གི་སློབ་ཚན་ཉན་པ་དང་། བརྙན་ལམ་ལྟ་བ། ཏང་གི་ལོ་རྒྱུས་གཏམ་རྒྱུད་ཤོད་པ། སློབ་སྦྱོང་མྱོང་ཚོར་སྤེལ་རེས་སོགས་བྱེད་ཐབས་སྤྱད་ནས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་རེད།
          ཐག་ཐུང་སྐྱེལ་འདྲེན་མེ་འཁོར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་སྦྱོང་གི་བྱེད་ཐབས་གསར་པ་དེ་ནི་ཧྲེང་ཅན་མཚོ་དོན་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བསྡུས་རིས་ཤིག་རེད། ཅུས་དེས་བྱེད་ཐབས་སྣ་མང་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་མ་ཟད། ཏང་གི་ལོ་ངོ་བརྒྱ་ཡི་རླབས་ཆེན་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཧུར་ཐག་བསྒྲུབས་ནས་ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས་འགན་ལེན་ནུས་ལྡན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།