དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་ཁྲི་10ཡིས་ལན་ཡུན་ཀང་གྲུ་ཁའི་རི་འགོག་རི་བོའི་མིང་མེད་སྔོན་གཤེགས་དཔའ་བོར་དུར་མཆོད་བྱས་པ།

སྤེལ་དུས 2021-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། ཅང་སུའུ་ལན་ཡུན་ཀང་གྲུ་ཁའི་རི་འགོག་རི་བོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ། རྒྱལ་ཁབ་གློག་དྲ་ལན་ཡུན་ཀང་གྲུ་ཁའི་གློག་གཏོང་ཀུང་སིའི་རི་འགོག་རི་བོའི་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་དཀར་གཙང་གི་མེ་ཏོག་ཕྲེང་བ་ཕུལ་ནས་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་རེད། རྒྱལ་ཁབ་གློག་དྲ་ལན་ཡུན་ཀང་གྲུ་ཁའི་གློག་གཏོང་ཀུང་སིའི་ཏང་འཛུགས་སྐྱོང་པུའི་ཀྲུའུ་རེན་ལི་ཧུའེ་ཡིས། ང་ཚོས་ལོ་ལྟར་དུས་བཀག་ལྟར་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་པར་བསྐྱོད་པ་མ་ཟད། ཆེད་དོན་མ་དངུལ་གྲབས་གསོག་བྱས་པ་དེ་དག་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་གསོ་དང་དུར་མཆོད་དུ་སྤྱོད་ཀྱི་ཡོད་ཅེས་བརྗོད། ངོ་སྤྲོད་བྱས་པར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ཉིན་དེར། རི་འགོག་རི་བོར་དུར་མཆོད་བྱེད་པར་ཡོང་མཁན་མི་ཐེངས་ཁྲི་10ཟིན་ཡོད།
          རི་འགོག་རི་བོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་ལན་ཡུན་ཀང་གྲོང་ཁྱེར་ཀན་ཡུས་ཆུས་ཀྱི་ཁོངས་སུ་གནས་པ་དེ་ནི་1941ལོར་གསར་སྐྲུན་བྱས་པ་དང་།
          རྗེས་སུ་ཉམས་བཟོ་ཐེངས་མང་བྱས་ཡོད། བང་སོའི་སྐྱེད་ཚལ་ནང་རི་འགོག་དམག་འཁྲུག་སྐབས་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་1800ལྷག་ཙམ་པུར་འཇུག་བྱས་པ་དེའི་ནང་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོ་102དང་། མིང་མེད་སྔོན་གཤེགས་དཔའ་བོ་318ཡོད་པ་རེད།
          ལན་ཡུན་ཀང་གྲོང་ཁྱེར་ཀན་ཡུས་ཆུས་ཁྲེང་ཐོའུ་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོས་མེ་ཏོག་སོས་པ་ཆགས་པ་རེ་རེ་བཞིན་བང་སོའི་མདུན་དུ་བཞག་ནས་གུས་འདུད་ཞུས་པ་དང་། སློབ་སྤྱི་ལིའུ་ཧྲི་ཧྥན་གྱིས་ལོ་ལྟར་དྭངས་གསལ་དུས་ཚིགས་རིང་ང་ཚོས་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་སྒྲིག་འཛུགས་བྱས་ཏེ་རྐང་ཐང་མར་སྤྱི་ལེ་10ཙམ་བསྐྱོད་ནས་རི་འགོག་རི་བོའི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།