དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སློབ་མའི་སྐར་གྲངས་ཨང་རིམ་བསྒྲཊ་མི་རུང་བར་གཏན་འབེབས་བྱ་འཆར་ཡོད་པ།

སྤེལ་དུས 2021-04-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཟླ4པའི་ཚེས6ཉིན། སློབ་གསོ་པུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ《ནར་མ་སོན་པའི་མིའི་སློབ་གྲྭའི་སྲུང་སྐྱོང་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
        བསམ་འཆར་བསྡུ་ལེན་མ་ཟིན་ནང་དུ་སློབ་གྲྭས་སློབ་མའི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་དང་། སློབ་མའི་མཚན་སྙན་ལ་བརྩི་འཇོག་དང་། སློབ་མའི་གཟི་བརྗིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་བཅས་བྱ་དགོས་པ་དང་། སློབ་གྲྭས་སློབ་མར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་སྒྲིག་སྲོལ་དང་གོ་རིམ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཡོང་བར་བྱ་དགོས་པ་བསྟན། 
        སློབ་གྲྭས་སློབ་མ་སྒེར་གྱི་རྒྱུགས་འབྲས་དང་ཨང་རིམ་ཡོངས་བསྒྲགས་བྱ་མི་ཆོག་པ་དང་། ཕྱི་ཕྱོགས་ལ་སློབ་མའི་སློབ་རིམ་འཕར་བའི་གནས་ཚུལ་དྲིལ་སྒྲོག་བྱ་མི་ཆོག་པ། བྱ་དགའ་སྤྲོད་པ་དང་རོགས་དངུལ་སྤྲོད་པ། དབུལ་ཕོངས་རོགས་སྐྱོར་ལ་རེ་ཞུ་བྱེད་པ་སོགས་ཀྱི་ལས་དོན་སྒྲུབ་རིང་དུ་སློབ་མ་སྒེར་དང་དེའི་ཁྱིམ་མིའི་གསང་བ་ཕྱི་ལ་བསྒྲགས་མི་ཆོག 
        སློབ་གྲྭས་སློབ་མ་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱེད་སྐབས། ཁྱིམ་བདག་ལ་ཤེས་སུ་འཇུག་དགོས་པ་མ་ཟད། སློབ་མ་དང་དེའི་ཁྱིམ་ཚང་གི་ཆ་འཕྲིན་ལ་དོ་དམ་དང་གསང་སྲུང་གི་འོས་འགན་ཡང་འཁུར་དགོས་ལ། སྦ་གསང་དང་མེད་པར་བཟོ་བ། དེ་བཞིན་ཁྲིམས་འགལ་ངང་གསུབ་པ་དང་། ཁྱབ་བསྒྲགས་བྱེད་པ། ཉོ་ཚོང་བྱེད་པ་སོགས་བྱ་མི་ཆོག