དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

སྤེལ་དུས 2021-04-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།
       《བརྡ་ཐོའི》ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས། “ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་ནུས་ལྡན་འཛིན་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་ལྕག་སྐུལ་དང་སྐུལ་སློང་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གསར་འབྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་དེ་བྱ་སྤྱོད་ངོ་མར་འགྱུར་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
       《བརྡ་ཐོའི》ནང་། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་དུས་མཚམས་གཉིས་ལ་ཕྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། དུས་མཚམས་དང་པོ་ནི་2021ལོའི་ཟླ་5པའི་གོང་ལ་ཡིན་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་དྲིལ་བསྒྲགས་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི་2021ལོའི་ཟླ་5པ་ནས་ལོ་མཇུག་བར་ཡིན་པ་དང་ཟླ་བ་དྲུག་པ་དང་བདུན་པའི་ནང་མཐོ་རླབས་འཕྱུར་བར་བྱ་རྒྱུ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་ཏང་ཀྲུང་དབྱང་གིས་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དངོས་སུ་ཁྱབ་བསྒྲགས་གནང་བ་སོགས་ལ་དམིགས་ནས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད།
       《བརྡ་ཐོའི》ནང་། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་དགོས། གཅིག་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པའི་བྱེད་སྒོ་སྤེལ་དགོས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱེད་པར་དམིགས་ནས་འབད་འབུངས་ཡར་བརྩོན་དང་སླར་ཡང་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས།
       གཉིས་ནས་ཏང་ཞུགས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་དགོས། གསར་བརྗེའི་གནས་རྙིང་དང་། གསར་བརྗེའི་དྲན་གསོ་ཁང་། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་གསར་བརྗེའི་ཐོན་ཁུངས་སྤྱད་དེ་ཏང་ཡོན་གསར་པའི་ཏང་ཞུགས་དམ་བཅའ་འཇོག་པའི་བྱེད་སྒོ་དང་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་དགོས། གསུམ་ནས་ཏང་གི་སློབ་ཚན་ཁྲིད་པ་དང་ཕུལ་བྱུང་ཏང་གི་སློབ་ཚན་འགྲེམས་སྟོན་བྱེད་སྒོ་སྤེལ་དགོས། “ཏང་གི་སློབ་ཚན་འཁྲིད་འགོ་ཚུགས”ཞེས་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཏང་ཡོན་རྒན་གྲས་སོགས་སྒྲིག་འཛུགས་བྱས་ནས་ཏང་གི་སློབ་ཚན་འཁྲིད་དགོས་པ་དང་། རིམ་ཁག་བརྙན་འཕྲིན་ལས་ཁུངས་སོགས་གསར་འགྱུར་སྨྱན་སྦྱོར་དང་ཏང་ཡོན་སློབ་གསོའི་ལས་སྟེགས་ཀྱིས་ཆེད་དོན་ཆེད་སྒྲིག་ལེ་ཚན་བཟོས་ནས་ཏང་གི་སློབ་ཚན་རྩེ་གྲ་ཁག་གཅིག་གཅིག་སྡུད་ཐོག་སྟོན་དགོས། བཞི་ནས་སློབ་སྦྱོང་དང་ཉམས་ལེན་གྱི་བྱེད་སྒོ་སྤེལ་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་སོགས་ལ་དམིགས་ཏེ། སློབ་སྦྱོང་ཉམས་ལེན་གྱི་བྱེད་ཐབས་དང་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཁག་གཅིག་ཇུས་འགོད་ཞིབ་ཚགས་བྱས་ནས་འདོན་དགོས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཐག་ཉེ་ས་དང་སྟབས་བདེ་སར་དངོས་སུ་རྟོག་ཞིབ་དང་རྒྱལ་བབ་ལ་བརྟག་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ལྔ་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས། མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ཏེ་དོན་རྐྱེན་གལ་ཆེན་བརྒྱུད་མྱོང་མཁན་དང་། དཔང་པོ་བྱེད་མཁན། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། ལས་དོན་དངོས་སྒྲུབ་མཁན་བཅས་དང་ལྷག་པར་དུ་དུས་རབས་ཀྱི་མིག་དཔེ་དང་མི་སྣ་ཡག་ཤོས་སོགས་གཞི་རིམ་དུ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པར་གདན་ཞུ་བྱེད་དགོས། དྲུག་ནས་གཞོན་ནུ་ལོ་ཆུང་གི་སེམས་པ་ཏང་ལ་ཕྱོགས་པའི་སློབ་གསོའི་བྱེད་སྒོ་སྤེལ་དགོས། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཞེས་པའི་བརྙན་འཕྲིན་ཆེད་དོན་ལེ་ཚན་སྒྲིག་བཟོ་དང་གཏོང་སྤེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྒྲིག་འཛུགས་བྱས་ནས་ཆེད་དོན་ཏང་གི་ཚོགས་པའི་བྱེད་སྒོ་སོགས་སྤེལ་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བཅས་བྱས་ནས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས། བདུན་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་དགོས། བརྗོད་དོན་གཙོ་བོའི་བརྩམས་ཆོས་བསྡུ་རུབ་དང་འགྲེམས་སྟོན་འགྲེམས་གཏོང་བྱེད་སྒོ་དང་། གློག་བརྙན་ཐུང་གྲས་དང་བརྙན་ལམ་ཐུང་གྲས་སོགས་མཉམ་འདྲེས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱེད་སྒོ། གསར་བརྗེའི་ནང་དོན་ལྡན་པའི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་འགྲེམས་སྟོན་བྱེད་སྒོ་བཅས་སྤེལ་དགོས། རྒྱལ་སྟོན་གྱི་དམངས་སྲོལ་གསར་པ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། “ང་ཚོའི་དུས་ཆེན”ཞེས་པའི་བྱེད་སྒོ་གཟབ་རྒྱས་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ཁྱིམ་མཚེས་དུས་ཆེན་གཉེར་བ་བཅས་བྱས་ནས་དར་སྲོལ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
       《བརྡ་ཐོའི》ནང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་བསམ་བློའི་ནང་དོན་ལ་སྣང་ཆེན་བྱས་ཏེ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས“ཏང་གི་མཛད་སྒོ་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན”གྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། བྱེད་སྟངས་དང་བྱེད་ཐབས་གསར་གཏོད། མང་ཚོགས་ཀྱིས་ཉན་སྤྲོ་བ་དང་ཉན་འདོད་པའི་སྐད་ཆ་མང་ཙམ་སྤྱོད་པ། མང་ཚོགས་ཞུགས་རྒྱུར་དགའ་བ་དང་ཞུགས་ཐུབ་པའི་ལས་སྟེགས་མང་ཙམ་སྐྲུན་པ། ཁྱད་ཆོས་མངོན་གསལ་དོད་པའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བཅས་བྱས་ནས་དྲིལ་བསྒྲགས་སློབ་གསོའི་དངོས་ཕན་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས། སྒྲིག་འཛུགས་བཀོད་སྒྲིག་ཞིབ་ཚགས་དང་རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས་རྒྱས་སྤྲོས་ཆུད་ཟོས་གཏན་འགོག་བྱེད་དགོས། བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བྱེད་སྒོ་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
       《བརྡ་ཐོའི》ནང་། ད་དུང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག་གི་འབོད་ཚིག་ཀྱང་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།