ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དབྱང་ཧྲའོ་གྲོང་ཚོའི་རྒྱལ་ཁབ་གནའ་རྫས་ཤུལ་བཞག་སྤྱི་གླིང་སྒོ་ཕྱེ་བའི་མཛད་སྒོ་སན་མོན་ཞ་རུ་འཚོགས་པ།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་ཆར། དབྱང་ཧྲའོ་གྲོང་ཚོའི་རྒྱལ་ཁབ་གནའ་རྫས་ཤུལ་བཞག་སྤྱི་གླིང་སྒོ་ཕྱེ་བའི་མཛད་སྒོ་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་མེན་ཁྲེ་རྫོང་དུ་འཚོགས་པ་དང་། དབྱང་ཧྲའོ་གྲོང་ཚོའི་ཤུལ་བཞག་ནི་དབྱང་ཧྲའོ་རིག་གནས་གསར་རྙེད་ཁུལ་དང་མིང་འདོགས་ཡུལ་ཡིན་ལ། 1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོའི་གྲས་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། དབྱང་ཧྲའོ་གྲོང་ཚོའི་རྒྱལ་ཁབ་གནའ་རྫས་ཤུལ་བཞག་སྤྱི་གླིང་ལ་རྒྱ་ཁྱོན་མུའུ་2800ཙམ་ཡོད་པ་དང་། འདི་ནི་ཤུལ་བཞག་སྲུང་སྐྱོང་དང་། ཚན་རིག་ཞིབ་འཇུག སློབ་གསོ་ཚན་རིག་ཁྱབ་གདལ། སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་བསྡུས་པའི་རྒྱལ་ཁབ་རིམ་པའི་གནའ་རྫས་ཤུལ་བཞག་སྤྱི་གླིང་ཡིན་ཞིང་། འདི་ནི་ལྟ་སྐོར་བས་གླིང་ཁུལ་གྱི་དབྱང་ཧྲའོ་རིག་གནས་དངོས་མང་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།