ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བྱེ་ཐང་གི་སྦྱར་དཀར་ནགས་ཚལ་སྲུང་མཁན།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        འདི་ལོ་ལོ་65སླེབས་པའི་ཝུའེ་ཚུན་ཀོང་ནི་ནང་སོག་རང་སྐྱོང་ལྗོངས་ཨེ་ཅི་ནཱ་སྦྱར་དཀར་ནགས་ཚལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆི་ཏའོ་ཆའོ་བདག་སྐྱོང་ས་ཚིགས་ཀྱི་ནགས་སྲུང་བ་ཞིག་རེད། ས་ཆ་འདི་ནི་པ་ཏན་ཅི་ལིང་བྱེ་ཐང་གི་འགྲམ་དུ་གནས་ཤིང་། ཝུའེ་ཚུན་ཀོང་གིས་བདག་སྐྱོང་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་2ལྷག་ཙམ་ཟིན་པ་དང་ཁོང་གིས་འདི་གར་བརྟན་སྲུང་བྱས་ནས་ལོ་33སོང་ཡོད།
        ནགས་ཚལ་དུ་ལམ་མེད་པའི་རྐྱེན་གྱིས་ལོ་མང་རིང་ཝུའེ་ཚུན་ཀོང་གིས་རྐང་ཐང་མར་སྐོར་གཡེང་སྲུང་སྐྱོང་བྱས་ཏེ་ཉིན་ལྟར་ཆུ་ཚོད་ལྔ་ལྷག་ཙམ་བསྐྱོད་དགོས་པ་དང་འགྲུལ་བཞུད་ལམ་ཐག་སྤྱི་ལེ་16ལྷག་ཟིན་གྱི་ཡོད། སྐོར་སྲུང་ལས་དོན་མ་གཞི་དཀའ་ཚེགས་ཆེན་པོ་ཡིན་ནའང་སྦྱར་དཀར་རྣམས་འཚར་ལོངས་ཡོང་བཞིན་པ་མཐོང་སྐབས་ཁོང་ལ་སེམས་ཤུགས་ཆེན་པོ་སླེབས་ཀྱི་ཡོད། “ང་རང་ཆུང་དུས་ནས་བྱེ་ཐང་དུ་འཚར་ལོངས་བྱུང་བས་ཤིང་ནགས་ལ་དམིགས་བསལ་གྱི་བརྩེ་དུང་ཞིག་འདུག སྦྱར་དཀར་གྱི་ནགས་ཚལ་འདི་ངས་རང་ཉིད་ཀྱི་ཕ་མ་བུ་ཕྲུག་ལ་གཅེས་སྤྲས་བྱེད་པ་བཞིན་བསྲུངས་ཀྱི་ཡོད། སྦྱར་དཀར་གྱི་ནགས་ཚལ་འདི་བྱེ་ཐང་གི་འགྲམ་དུ་གནས་པས་སྐྱེ་ཁམས་ཐད་དོན་སྙིང་ཆེན་པོ་ལྡན་ཡོད། དེར་བརྟེན་ངས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ཝུའེ་ཚུན་ཀོང་གིས་དེ་ལྟར་བརྗོད།
        ལོ་རེའི་ཟླ་10པར་ཨེ་ཅི་ནཱ་ཆི་རུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཤར་ནས་སྦྱར་དཀར་གྱི་ནགས་ཚལ་དུ་རྒྱལ་ཡོངས་ས་ཕྱོགས་ཁག་གི་ཡུལ་སྐོར་བ་མང་པོ་སླེབས་ཀྱི་ཡོད་པས། ཝུའེ་ཚུན་ཀོང་གིས་ནགས་ཁུལ་སྐོར་སྲུང་དང་ནགས་ཚལ་གྱི་མེ་སྐྱོན་འགོག་པའི་ལས་འགན་ཡང་སྔར་བས་ལྕི་རུ་འགྲོ་ཡི་ཡོད། ཝུའེ་ཚུན་ཀོང་གིས་སྐོར་གཡེང་སྲུང་སྐྱོང་བྱས་པ་བརྒྱུད། བདག་སྐྱོང་ཁུལ་གྱི་མུའུ་ཁྲི་2ལྷག་ཙམ་ཟིན་པའི་སྦྱར་དཀར་གྱི་ནགས་ཚལ་དུ་མེ་སྐྱོན་གཅིག་ཀྱང་ཐོན་མྱོང་མེད།
འདི་ནི་ནགས་སྲུང་བ་ཝུའེ་ཚུན་ཀོང་གིས་ཨེ་ཅི་ནཱ་ཆི་ཡི་ཆི་ཏའོ་ཆའོ་ཡི་སྦྱར་དཀར་གྱི་ནགས་ཁུལ་དུ་སྦྱར་དཀར་སྐྱེ་འཚར་ཇི་ལྟར་བྱུང་མིན་ལྟ་བཞིན་པ།
འདི་ནི་ནགས་སྲུང་བ་ཝུའེ་ཚུན་ཀོང་གིས་ཨེ་ཅི་ནཱ་ཆི་ཡི་ཆི་ཏའོ་ཆའོ་ཡི་སྦྱར་དཀར་གྱི་ནགས་ཚལ་དུ་སྐོར་གཡེང་བྱེད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།