ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2022ལོར་ཀྲུང་དབྱང་ནས་མཚོ་སྔོན་ལ་རིག་དངོས་སྲུང་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.6བཏང་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་5ཚེས་14ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། 2022ལོར་ནོར་སྲིད་པུས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.6བཏང་བའི་ཁྲོད། 2021ལོའི་ལོ་མཇུག་ཏུ་སྒོར་དུང་ཕྱུར་1.2སྔ་སྣུར་དུ་སྤྲད་ཟིན་པ་དང་2022ལོའི་ཟླ་4པར་སྒོར་དུང་ཕྱུར་0.4སྤྲད་ཅིང་། མ་དངུལ་དེ་དག་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཉམས་གསོ་སྲུང་སྐྱོབ་དང་། འགྲེམས་སྟོན་བེད་སྤྱོད། རིག་དངོས་ཀྱི་བདེ་འཇགས་འགོག་སྲུང་། མེ་ཟོན། ཐོག་འགོག གནའ་རྫས་རྟོག་ཞིབ། རྩད་ཞིབ། འཚོལ་ཞིབ་བཅས་དང་། དེ་བཞིན་གནས་སྤོ་ཐུབ་པའི་རིག་དངོས་ཀྱི་ལག་རྩལ་སྲུང་སྐྱོབ(རིག་དངོས་ཉམས་གསོ་ཚུད་པ)དང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་བཅས་ལ་ཆེད་མངགས་སྤྱོད་རྒྱུ་དང་། གསར་བརྗེའི་རིག་དངོས་དང་། བྲག་ཕུག་གི་དགོན་པའི་རིག་དངོས། གནའ་རྫས་རྟོག་ཞིབ། རྨ་ཆུ་དང་འབྲི་ཆུ། རྒྱང་སྐྱོད། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་གཙོ་གནད་རིག་དངོས་ཚན་པ་བཅས་ཀྱི་སྲུང་སྐྱོབ་ཐད་སྔོན་ལ་སྤྱོད་རྒྱུ་ཡིན་པ་རེད།