ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

​ཕྲ་མཐོང་ཆེ་ཤེལ་ལག་ཏུ་བཟུང་ནས་རིམས་འགོག་ལས་ལ་བྲེལ།

སྤེལ་དུས 2022-05-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

        མར་ཏུང་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏིང་ཆུས་པ་ལི་ཀྲོང་ཁྲོམ་གཞུང་རྒྱལ་སའི་དགེ་འོས་སློབ་ཆེན་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ཆེད་བསྐོས་ཨུ་ཡོན་ཡིན་པ་དང་། ལྷན་སྐྱེས་རང་བཞིན་གྱི་མིག་ནད་ཕོག་པས་མིག་ཤེད་ཧ་ཅང་སྐྱོ་པོ་ཡོད། དེར་བརྟེན་ཕྲ་མཐོང་ཆེ་ཤེལ་ནི་ཁོང་གི་འཚོ་བའི་རོགས་ཟླ་དང་ལས་ཀའི་ལག་གཡོག་ལྟ་བུར་གྱུར་ཡོད། མར་ཏུང་གིས་ནམ་རྒྱུན་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་དྲག་སྐྱེད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་འབྲེལ་ཡོད་སྲིད་ཇུས་དང་ཕན་བདེའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཁོང་ནི་བག་ཡངས་ལ་ཧུར་བརྩོན་ཆེ་བས་སྡེ་ཁུལ་གྱི་གྲོང་མིས་སེམས་རྩ་ཤིན་ཏུ་འཁོལ་བའི་མི་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། 2020ལོ་ཚུན་དུ་མར་ཏུང་གིས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཧུར་ཐག་ཞུགས་ཏེ། སྡེ་ཁུལ་གྱི་རིམས་འགོག་དང་བླངས་པ་ཞིག་ཏུ་གྱུར་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་གྲལ་བཤེར་བྱེད་རོགས་བྱས་ཏེ་སྡེ་ཁུལ་གྱི་ལས་དོན་མི་སྣའི་ཁུར་པོ་ཡང་དུ་བཏང་ཡོད། འདི་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏིང་ཆུས་པ་ལི་ཀྲོང་ཁྲོམ་གཞུང་རྒྱལ་སའི་དགེ་འོས་སློབ་ཆེན་སྡེ་ཁུལ་གྲོང་ལྷན་དུ་མར་ཏུང་གིས་ཕྲ་མཐོང་ཆེ་ཤེལ་ཁྱེར་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་ལ་བསྡོམས་རྩིས་རྒྱག་བཞིན་པ།