ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་འགྲམ་འགག་སྒོའི་དངོས་ཟོག་འགག་སྒྲོལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

སྤེལ་དུས 2022-09-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་གཉའ་ནང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་སུ་འཛུལ་མཁན་འཁོར་རིགས་ལ་ཞིབ་བཤེར་བྱེད་བཞིན་པ།
        འགྲམ་འགག་སྒོའི་ཟོག་འདྲེན་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགག་སྒྲོལ་བརྟག་དཔྱད་ཞིབ་བཤེར་སླར་གསོ་ནུས་ལྡན་བྱ་ཆེད། གཉའ་ནང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་རྒྱལ་མཚམས་ཀྱི་འཐབ་ས་མདུན་མ་བརྟན་སྲུང་བྱེད་པ་དང་། ལས་སྒྲུབ་བྱེད་སྟངས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ། འགག་སྒོ་བདེ་འཇགས་ཡོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ས་གནས་ཀྱི་དཔལ་འབྱོར་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་རྒྱུར་ཞབས་འདེགས་དང་འགན་སྲུང་བྱས་ཡོད་པ་རེད། །