ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལོ་ལེགས་ཀྱི་འབྲས་བཟང་སྨིན་པ།

སྤེལ་དུས 2022-09-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་ཁང་དམར་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ལས་རོགས་ཉེན་རྟོག་པའི་དང་བླངས་པས་མང་ཚོགས་ལ་སྟོན་ལས་བྱེད་རོགས་བྱེད་བཞིན་པ།
         ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྤྱི་བདེ་ཅུས་ཀྱིས་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱེད་པ་དང་ཆབས་ཅིག མི་དམངས་ལས་རོགས་ཉེན་རྟོག་པའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ངལ་ནུས་མི་འདང་བའི་ཁྱིམ་ཚང་ལ་སྟོན་ལས་བྱེད་རོགས་བྱས་ཡོད། ལོ་ལེགས་བྱུང་བའི་ཞིང་ནང་དུ་མི་དམངས་ལས་རོགས་ཉེན་རྟོག་པའི་དང་བླངས་པས་ལས་བགོས་ཁ་གསལ་བྱས་ཤིང་། འགའ་རེས་རྒྱབ་འཁུར་རྣམ་པའི་བརྔ་བསྡུ་འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་པ་དང་། འགའ་རེས་ཆུན་པོ་བསྡམས་ཏེ་ནས་ཀྱི་ཚར་ལྕོག་བརྒྱབ་ནས་ཉི་སྐམ་གཏོང་བ། འགའ་རེས་སྙེ་མ་སྒྲུག་པར་བྲེལ་ནས་འབྲུ་རྡོག་གཅིག་ཀྱང་འཕྲོ་བརླག་མི་འགྲོ་བ་བྱས་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།