ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

མཛེས་ཤིང་ལྟ་ན་སྡུག་པའི་བཀྲ་ཤིས་སྒང་གི་ཡུལ་ལྗོངས།

སྤེལ་དུས 2023-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཉིང་ཁྲི་གྲོང་ཁྱེར་ཀླུ་སྣང་གྲོང་རྡལ་འདི་ཉིད་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡུལ་ཞིག་ཏུ་གྱུར་ཡད།
 
             ཀླུ་སྣང་གྲོང་རྡལ་ནས་རླངས་འཁོར་བསྡད་དེ་སྐར་མ་ལྔ་ཙམ་བསྐྱོད་ཚེ་དམངས་སྲོལ་གཞུང་དྲང་བབ་ཆགས་ལ་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཚོ་ཞིག་ཏུ་འབྱོར་བ་དེ་ནི་བཀྲ་ཤིས་སྒང་གྲོང་ཚོ་རེད།



             ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་ཕལ་ཆེ་བས་ཁྱིམ་ཚང་མགྲོན་ཁང་གཉེར་བ་མ་ཟད་ཚོང་ཡང་ཧ་ཅང་ཡག་པོ་འདུག པད་མས་ཕ་མ་དང་མཉམ་དུ་གཉེར་བའི་ཨ་ཅག་འཆི་མེད་ཀྱི་ཁྱིམ་ཚང་མགྲོན་ཁང་ནི་དེའི་ཁྲོད་ཚོང་ཡག་ཤོས་ཀྱི་གྲས་ཤིག་རེད།



             གངས་རིས་བརྒྱན་པའི་ནགས་ཚལ་དང་། བོད་བཟོའི་སྒོ་ར་སྤུས་དག སེམས་རྩ་འཁོལ་བའི་ཞབས་ཞུ་སོགས་དམིགས་བསལ་ལེགས་ཆ་སྣ་ཚོགས་ལས་ཨ་ཅག་འཆི་མེད་ཀྱི་ཁྱིམ་ཚང་མགྲོན་ཁང་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།



             “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པད་མའི་ཁྱིམ་དང་དེ་བཞིན་གྲོང་མི་ཚོས་སྐྱེ་ཁམས་བཟང་པོར་བརྟེན་ནས་ཡུལ་སྐོར་ཡོང་འབབ་ཡོང་ཐབས་བྱེད་ཀྱི་ཡོད་ལ། དཔལ་འབྱོར་ཡོང་འབབ་ཀྱང་བརྟན་པོའི་ངང་འཕར་བ་དང་ཆབས་ཅིག གྲོང་ཚོའི་ནང་ད་དུང་གྲོང་མི་སྒྲིག་འཛུགས་ཀྱིས་དུས་བཀག་ལྟར་གད་སྙིགས་གཙང་སེལ་བྱས་ཏེ་རང་རྟོགས་ངང་ཁོར་ཡུག་ལ་སྲུང་སྐྱོང་ཡང་བྱེད་ཀྱི་ཡོད་པས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་འཐུས་མི་ཤོར་བ་བྱུང་ཡོད། 

             བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་མཚན་སྙན་ཕྱོགས་གང་སར་ཁྱབ་ཅིང་། ཉིན་ཤས་གོང་། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཀླུ་སྣང་གྲོང་རྡལ་དུ་སྤེལ་བའི་རིང་། འབར་མ་དང་བལ་ཡུལ་ལ་སོགས་རྒྱལ་ཁབ་ནས་ཕེབས་པའི་སྐུ་མགྲོན་ཚོས་ཀྱང་ཆེད་མངགས་བཅར་འདྲིར་ཡོང་སྟེ་གྲོང་མི་ཚོ་དང་སྤྲོ་སེམས་འཁོར་པོས་གླེང་མོལ་བྱེད་པ་མ་ཟད། འབྲེལ་ཡོད་འཕེལ་རྒྱས་ཀྱི་ཉམས་མྱོང་ཡང་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་ཀྱི་ཡོད།



             སེམས་མཐུན་གྲོགས་པོ་རྒྱང་རིང་ཡུལ་ནས་ཕེབས། ཅི་འདྲའི་སྤྲོ་སྣང་ལྡན་པའི་དོན་ཞིག་ཨང་། པད་མའི་གདོང་ལས་ལྷག་བསམ་གྱི་འཛུམ་མདངས་འཕྱུར་བཞིན “སླད་ཕྱིན་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ང་ཚོའི་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་རྒྱུའི་རེ་བ་ཡོད”ཅེས་བརྗོད། སྐད་ཆ་དེ་ལས་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་ཚོའི་བསམ་འདུན་ཙམ་མ་ཟད། མགྲོན་པོར་སེམས་རྩ་འཁོལ་པོས་སྣེ་ལེན་བྱ་རྒྱུར་དགའ་བའི་བོད་ལྗོངས་མི་དམངས་ཚོའི་བསམ་འདུན་ཡང་མཚོན་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།