ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རྒྱ་གར་གྱི་མེ་འཁོར་ཞིག་འཁོར་ལམ་ལས་བྲལ་ནས་མི་མང་པོ་ཤི་རྨས་བྱུང་བ།

སྤེལ་དུས 2023-10-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཚེས11ཉིན་གྱི་མཚན་མོར། རྒྱ་གར་བྱང་ཤར་རྒྱུད་ཀྱི་པི་ཧར་མངའ་སྡེར་མེ་འཁོར་འཁོར་ལམ་ལས་བྲལ་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། རྡི་ལི་ནས་ཨ་ས་མོ་མངའ་སྡེའི་བྱང་ཤར་ཕྱོགས་སུ་སྐྱོད་པའི་མེ་འཁོར་མགྱོགས་ཤོས་དེ་ཚེས11ཉིན་གྱི་ཆུ་ཚོད21དང་སྐར་མ35ཙམ་ལ་པེ་ཧར་མངའ་སྡེ་པོ་གེ་སེའར་ས་ཁུལ་ལེ་ཁུ་ན་ཐེ་པོར་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་འཁོར་ལམ་ལས་བྲལ་ཞིང་། མེ་འཁོར་འཁོར་ལམ་ལས་བྲལ་བའི་རྒྱུ་རྐྱེན་གང་ཡིན་པ་ད་དུང་བརྟག་དཔྱད་བྱེད་དགོས།
             ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ལྕགས་ལམ་སྐྱེལ་འདྲེན་དྲ་བའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི6.4ཡོད་པ་དང་། ཉིན་རེར་མི་ཐེངས་ཁྲི1200ལྷག་ཙམ་མེ་འཁོར་ལ་བསྡད་ནས་འགྲོ་སྐྱོད་བྱེད་ཀྱི་ཡོད་པས། མེ་འཁོར་གྱི་དོན་རྐྱེན་མང་ཆེ་བ་ནི་མིའི་ནོར་འཛོལ་ལམ་ཡང་ན་བརྡ་རྟགས་སྒྲིག་ཆས་རྙིང་པ་ཆགས་པ་དང་འབྲེལ་བ་ཡོད།
             ད་ལོའི་ཟླ6པའི་ཚེས2ཉིན། རྒྱ་གར་ཤར་རྒྱུད་ཀྱི་ཨའོ་ཏི་ཧྲ་མངའ་སྡེ་པཱ་ལ་སོར་ས་ཁུལ་དུ་མེ་འཁོར་འཁོར་ལམ་ལས་བྲལ་ཏེ་རྡུང་ཁ་ཤོར་བའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི275རྐྱེན་ལམ་དུ་ཤོར་བ་དང་མི1200ཙམ་ལ་རྨས་སྐྱོན་ཕོག་ཡོད། འདི་ནི་རྒྱ་གར་དུ་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་གི་ཚབས་ཆེ་ཤོས་ཀྱི་མེ་འཁོར་རྡུང་ཁ་ཤོར་བའི་དོན་རྐྱེན་ཞིག་ཡིན། བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། གློག་རྡུལ་སྒོ་ལྕགས་མ་ལག་གི་བརྡ་རྟགས་ལ་སྐྱོན་ཤོར་བས་དོན་རྐྱེན་དེ་བྱུང་བ་རེད།

རྩོམ་སྒྲིག་པ། དཔལ་གཡང་།