ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཞང་དང་གྲོང་རྡལ་ཡོངས་ལ5Gཁྱབ་པ།

སྤེལ་དུས 2023-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་རྒྱུས་ལོན་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཞང་གི5Gསྦྲེལ་ཚུགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་ལྗོངས་ཀྱི་ཞང་དང་གྲོང་རྡལ་ཚང་མར5Gདྲ་རྒྱ་ཤར་གཏོང་ཐུབ་པ་མཚོན་ཡོད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས5Gའཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར32བཏང་བ་དང་། རིམ་རྩིས་བྱས་ན5Gསྦྲེལ་ཚུགས8710བསྐྲུན་པ། 5Gསྤྱོད་མཁན་དུད་ཚང་ཁྲི184འཕེལ་རྒྱས་བཏང་བ། བོད་ལྗོངས་ཡོངས་ཀྱི་མི་ཁྲི་རེར5Gསྦྲེལ་ཚུགས23ཡོད་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་དུ་སླེབས་པ། བོད་ལྗོངས་ཀྱི་མི་དམངས་ཚོའང་མྱུར་པོ་དང་། བརྟན་པོ། སྤུས་ལེགས་ཀྱི5Gདྲ་རྒྱའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།
             ཉེ་བའི་ལོ་ཤས་རིང་། གྲངས་འཛིན་ཀྲུང་གོ་དང་དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་མགྱོགས་པོ་བསྐྲུན་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག བོད་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། 5Gམཚོན་བྱེད་དུ་བྱས་པའི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས5Gདྲ་རྒྱའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།   
             ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་བསྐྲུན་འགོ་ཚུགས་པ་ནས་བཟུང་བོད་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་མཐུན་སྦྱོར་དམ་ཟབ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བརྒྱུད།  བོད་ལྗོངས་ཀྱི་འཕྲིན་གཏོང་བ་གྲངས་ལས་འདས་པས་ས་མཐོར་གསོ་རླུང་མི་འདང་བ་དང་གངས་རླུང་གི་གྲང་ངར་ཐེག་པ། དཀའ་ཚེགས་ཆེ་ལ་བགྲོད་དཀའ་བའི་གངས་རི་འཁྱགས་རོམ་དང་། གདོད་མའི་ནགས་ཚལ། བྲག་རི་གཡང་གཟར་དབར་གློག་སྡོང་འཛུགས་པ་དང་། འོད་སྐུད་འཐེན་པ། རྨང་གཞིའི་དྲ་ཚུགས་འཛུགས་པ་བཅས་སྔ་རྗེས་སུ5Gདྲ་རྒྱ“ཇོ་མོ་གླང་མའི་རྩེ་མོར་ཁྱབ་པའི”རྣམ་གྲངས་རེ་རེ་བཞིན་ལེགས་གྲུབ་བྱས་ནས་ཆ་འཕྲིན་དྲ་རྒྱ་གངས་ལྗོངས་ས་མཐོར་ཁྱབ་པར་བྱས་ཡོད། ད་ཆ5Gདྲ་རྒྱ་མྱུར་པོ་དང་། འགོར་འགྱངས་ཉུང་བ། སྦྲེལ་མཐུད་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་དང་། ཞིང་འབྲོག་ཁུལ་གྱི་རིག་ལྡན་སློབ་གསོ། རིག་ལྡན་སྨན་བཅོས། མཛེས་ལྗོངས་ཁུལ་གྱི་རིག་ལྡན་ཡུལ་སྐོར་སོགས་མངོན་འགྱུར་ཡོང་བར་ཆ་འཕྲིན་ཅན་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། 

རྩོམ་སྒྲིག་པ། དཔལ་གཡང་།