ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཉམས་འགྱུར།

སྤེལ་དུས 2023-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན།“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་རུ་མི་ཡག་པོར་བརྩོན་ལེན་བྱེད”ཅེས་པའི་ལོ་ཆུང་བྱིས་པ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་ལག་ལེན་དང“ལག་གདང་མཉམ་དུ་སྦྲེལ་ནས། ང་དང་ཕ་མས2035བསྐྲུན”ཞེས་པའི་རི་མོ་འགྲན་བསྡུར་སྐབས་བཞི་པའི་རྟིང་རྩོད་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ། སྐབས་འདིའི་འགྲན་བསྡུར་ལ“སྐེ་རས་དམར་པོ་བཏགས་ནས་གཏམ་རྒྱུད་ཤོད་པ”དང“སྐེ་རས་དམར་པོ་བཏགས་ནས་གསར་བརྗེའི་གླུ་གཞས་ལེན་པ”ཞེས་པའི་འགྲན་བསྡུར་གྱི་རྣམ་གྲངས་གཉིས་བཙུགས་པ་དང་། བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ནས་ཡོང་བའི་ལོ་ཆུང་གདོང་ལེན་རུ་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པའི་འཐུས་མི680ལྷག་འགྲན་བསྡུར་ལ་ཞུགས་ཡོད། 

འགྲན་བསྡུར་ཡུལ་དངོས།

འགྲན་བསྡུར་ཡུལ་དངོས།

འགྲན་བསྡུར་ཡུལ་དངོས།

             གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་འགྲན་བསྡུར“སྐེ་རས་དམར་པོ་བཏགས་ནས་གཏམ་རྒྱུད་གླེང་བའི”འགྲན་བསྡུར་གྱི་རྣམ་གྲངས་ལ་བྱ་དགའ་རིམ་པ་དང་པོ1དང་། བྱ་དགའ་རིམ་པ་གཉིས་པ2བྱ་དགའ་རིམ་པ་གསུམ་པ3བཅས་ཐོབ་ཡོད། “སྐེ་རས་དམར་པོ་བཏགས་ནས་གསར་བརྗེའི་གླུ་གཞས་སྦྱོང་བའི”འགྲན་བསྡུར་གྱི་རྣམ་གྲངས་ལ་བྱ་དགའ་རིམ་པ་དང་པོ1དང་། བྱ་དགའ་རིམ་པ་གཉིས་པ2བྱ་དགའ་རིམ་པ་གསུམ་པ4བཅས་ཐོབ་ཡོད། ཆུ་ཚོད་གཉིས་ཙམ་ལ་འགྲན་བསྡུར་བྱས་པ་བརྒྱུད། འགྲན་བསྡུར་དེ་ཛ་དྲག་དང་འཁྲུག་ཆ་དོད་པའི་རྣམ་པ་ཐོག་བདེ་བླག་ངང་མཇུག་བསྒྲིལ་བ་རེད།“ལྷ་སར་ཡོང་ནས་འགྲན་བསྡུར་ལ་ཞུགས་ཐུབ་པ་དེ་མ་གཞི་ནས་གྲུབ་འབྲས་ཤིག་རེད། ངས་ལྷ་ས་ནས་ཤེས་ཡོན་སྣ་འཛོམས་ལྡན་པའི་གྲོགས་པོ་མང་པོ་ཞིག་ངོ་ཤེས་བྱུང་བས་ཧ་ཅང་དགའ་པོ་འདུག”ཅེས་བཤད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སློབ་ཆུང་གཉིས་པའི་ཚེ་རིང་མཆོག་དགའ་ནི་འགྲན་བསྡུར་དེ་རིགས་ལ་ཞུགས་ཐེངས་དང་པོ་ཡིན་ལ། ཁོ་མོས་རང་ཉིད་ཀྱི་འགྲན་རའི་ཐོག་གི་རྣམ་འགྱུར་ལ་བློ་ཡིད་ཚིམ་པོ་བྱུང་ཡོད།   

འགྲན་བསྡུར་མཇུག་བསྒྲིལ་རྗེས་ཚེ་རིང་མཆོག་དགའ(གཡོན)དང་མོའི་གྲོགས་པོ་བསམ་སྐྱིད་སྒྲོལ་མ(གཡས)མཉམ་དུ་དྲན་རྟེན་པར་རྒྱག་པ།

             “ད་རེས་ཀྱི་མཉམ་གཞས་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་རེས་ང་ཚོས‘མེས་རྒྱལ་ལ་རང་ཉིད་ཡོད’ཅེས་པ་བླངས་ནས་ང་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། བློ་ཕམ་པ་ཞིག་ལ་འགྲན་བསྡུར་བྱེད་རིང་ང་ཚོར་ནོར་འཁྲུལ་ཕྲན་བུ་ཤོར་པས་ཕུགས་བསམ་གྱི་སྐར་འབྲས་ཞིག་ལེན་མ་ཐུབ། ང་ཚོས་སྔར་ལས་འབད་བརྩོན་གྱིས་རྗེས་མར་གྲུབ་འབྲས་ཡག་པོ་ཞིག་ལེན་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་འགྲན་ཞུགས་བདམས་ཐོན་པ་ཀུན་དགའ་ཆུང་མཚོས་བཤད།

འགྲན་བསྡུར་ཡུལ་དངོས།

འགྲན་བསྡུར་ཡུལ་དངོས།

             ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འདི་དག་རིང་ལ། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ལོ་ཆུང་བྱིས་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གིས་སྤེལ་བ་དང་། མི་རིགས་ཁག་གི་ལོ་ཆུང་བྱིས་པའི་དབར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས“འཕྲིན་ཡིག་གིས་ལག་གདང་སྦྲེལ་བ”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དབྱར་སྒར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ལག་ལེན་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ལག་གདང་གཅིག་ཏུ་སྦྲེལ་ཞིང་གཅིག་སེམས་གཅིག་ཏུ་མཐུན་པར་བྱས་ནས། ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་ལོ་ཆུང་བྱིས་པ་ཚོའི་སེམས་ཀྱི་གཏིང་རིམ་ལ་འདེབས་དགོས།

འགྲན་བསྡུར་ཡུལ་དངོས།

             ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་གྱི་ཁྱབ་ཁོངས་ཡོངས་དང་རིམ་པ་སོ་སོར་ཁྱབ་པར་བྱས་ནས“གཅིག་ཕན་གཅིག་རོགས—མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་པ”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”སོགས་ཀྱི་ལག་ལེན་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། མི་རིགས་ཁག་གི་ལོ་ཆུང་བྱིས་པ་རྣམས་སེ་འབྲུའི་རྡོག་ལྟར་གཅིག་ཏུ་སྦྲེལ་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།  

རྩོམ་སྒྲིག་པ། མང་ག་མཚོ།